མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱིས་ནགས་ཚལ་བདག་དབང་དོ་དམ་དྲ་སྦྲེལ་ཐོག་གཞུང་ལས་སྒྲུབ་པ་མངོན་འགྱུར་བྱུང་བ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-11-18 10:48

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཚུན་ལ། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་རིམ་པ་ཁག་གི་ནགས་ལས་གཙོ་གཉེར་སྡེ་ཁག་གིས་ཚད་ལྡན་ཅན་གྱི་གཞུང་ལས་སྒྲུབ་པའི་འཛུགས་སྐྲུན་མྱུར་པོར་བཏང་། ཟླ9པའི་ཚེས10ཉིན་ནས་བཟུང་ནགས་ཚལ་བདག་དབང་ཐོ་འགོད་དོ་དམ་དྲ་སྦྲེལ་ཐོག་གཞུང་ལས་སྒྲུབ་འགོ་ཚུགས་པ་རེད། མིག་སྔར་སྒོར་ཁྲི400ལྷག་ཟིན་པའི་ནགས་ཚལ་བདག་དབང་གི་གཏའ་མ་འཇོག་པའི་དངུལ་བུན་ཁག3དང་།ནགས་ཚལ་བདག་དབང་སྐོར་སྐྱོད་དང་ཐོ་འགོད་1 ནགས་ཚལ་བདག་དབང་གི་ཆ་འཕྲིན་དང་འབྲེལ་ཡོད་ལས་དོན་ལ་འཚོལ་ཞིབ་ཞབས་འདེགས་ཐེངས 250ལྷག་བྱས་ཡོད།

རིམ་པ་ཁག་གི་ནགས་ལས་གཙོ་གཉེར་སྡེ་ཁག་གིས“ཁྲིམས་ལྟར་སྲིད་འཛིན་བྱེད་པ་དང་།དོ་དམ་ཚད་ལྡན་ཅན་དུ་འགྱུར་བ། ཞབས་འདེགས་བྱེད་ཤུགས་ཆེ་རུ་གཏོང་བ། དྭངས་གཙང་དང་ཕན་ནུས་མཐོ་བའི་”བླང་བྱར་གཞིགས་ནས། དོ་དམ་དང་།ཉོ་ཚོང་། ཞབས་འདེགས་བཅས་ལས་རིགས་སྣ་གསུམ་གཙོ་བོར་འཛིན་པའི་རྣམ་པ་གསར་པའི་ནགས་ལས་དོ་དམ་མ་ལག་བཙུགས་པ་དམིགས་ཡུལ་དུ་གྱུར་ཏེ། ལས་ཁུངས་རུ་ཁག་དང་དོ་དམ་ལམ་ལུགས། ཞབས་འདེགས་བྱེད་ས། ལས་དོན་ཚད་ལྡན། རྨང་གཞི་སྒྲིག་ཆས་སོགས་ཀྱི་ཕྱོགས་ལྔ་ནས་ཚད་ལྡན་ཅན་གྱི་འཛུགས་སྐྲུན་བྱས་ཏེ། ཁུལ་ཡོངས་ནགས་ལས་བསྒྱུར་བཅོས་དང་གོང་སྤེལ་ལ་སྲིད་འཛིན་དོ་དམ་གྱི་ཁོར་ཡུག་ཞིག་གསར་གཏོད་བྱས།

ཚད་ལྡན་ཅན་གྱི་འཛུགས་སྐྲུན་བྱེད་པའི་ཁྲོད་དུ། རང་ཁུལ་རིམ་པ་སོ་སོའི་ནགས་ལས་གཙོ་གཉེར་སྡེ་ཁག་གིས་རང་ཁུལ་གྱི་གནས་ཚུལ་དང་ནགས་ཚལ་གྱི་གནས་ཚུལ་ལ་གཞིགས་ནས། སྔར་ལས་ལྷག་པར་སྲིད་འཛིན་དོ་དམ་དང་སྤྱི་ཚོགས་ཅན་གྱི་ཞབས་འདེགས་ཀྱི་ལས་ནུས་དང་ལས་འགན་གསལ་འབེབས་བྱེད་པ་དང་། སྲིད་འཛིན་དོ་དམ་དང་སྤྱི་ཚོགས་ཅན་གྱི་ཞབས་འདེགས་ཟུང་འབྲེལ་བྱེད་རྒྱུ་མངོན་འགྱུར་བྱུང་བ། ནགས་ཚལ་བདག་དབང་དོ་དམ་བྱེད་པའི་ཁྲོད་དུ། སྔར་ལས་ལྷག་པར་ལས་ཀའི་བྱེད་རིམ་གཅིག་གྱུར་བྱེད་པ་དང་ཞབས་འདེགས་ནང་དོན་དང་། མཚོན་རྟགས་གཅིག་འགྱུར་བྱེད་པ།ནན་ཏན་གྱིས་ཞབས་འདེགས་ཞུ་རྒྱུ་ཁས་ལེན་པ་སོགས་ཀྱི་ལམ་ལུགས་ལག་བསྟར་བྱས་ནས། མང་ཚོགས་ཀྱིས་ལས་ཀ་སྒྲུབ་པ་དང་ལྟ་སྐུལ་བྱེད་པར་སྟབས་བདེ་སྤྲོད་པ། དུས་མཚུངས་སུ། སྒོར་ཁྲི70ལྷག་བཏང་ནས་ཞིང་ཆེན་རིམ་པའི་ནགས་ཚལ་བདག་དབང་གཞི་གྲངས་ཀྱི་མཛོད་དང་སྦྲེལ་བའི་ཁུལ་དང་རྫོང་རིམ་པ་གཉིས་ཀྱི་ནགས་ཚལ་བདག་དབང་གི་ཕྱོགས་བསྡུས་དོ་དམ་ཆ་འཕྲིན་ལས་སྟེགས་དང་ནགས་ཚལ་བདག་དབང་དོ་དམ་གྱི་ས་བབ་ཆ་འཕྲིན་མ་ལག་བཙུགས་ཡོད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག