མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་ཚན་རྩལ་ཅུས་ཀྱིས་ཚན་རྩལ་རྣམ་གྲངས་ཀྱི་གསོ་སྦྱོང་བྱས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-11-18 10:48

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ11ཚེས12ཉིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཚན་རྩལ་ཅུས་ཀྱིས་2013ལོའི་ཚན་རྩལ་རྣམ་གྲངས་ཀྱི་དོ་དམ་སྐོར་གྱི་གསོ་སྦྱོང་བྱས་ཤིང་།དེའི་དམིགས་ཡུལ་ནི་ཚན་རྩལ་གྲོན་དངུལ་གྱི་དོ་དམ་ཆུ་ཚད་མཐོ་རུ་གཏོང་བ་དང་།ནོར་སྲིད་མ་དངུལ་གྱི་བེད་སྤྱོད་ཕན་ནུས་མཐོ་རུ་གཏོང་རྒྱུ་དེ་ཡིན།

གསོ་སྦྱོང་དེ་ཉེ་བའི་ལོ་འགའི་རིང་རང་ཞིང་ཆེན་གྱི་ཚན་རྩལ་དོ་དམ་གྱི་བསྒྱུར་བཅོས་དང་ཟུང་འབྲེལ་བྱས་ནས།རྣམ་གྲངས་མང་དངུལ་གྱི་ཞིབ་རྩིས་དང་།ཁེ་ལས་ཀྱི་འབྲེལ་ཡོད་ངོས་འཛིན་བྱེད་པའི་ཆ་རྐྱེན་དང་དེའི་རྒྱུད་རིམ་ལ་གསལ་པོ་མི་ཤེས་པའི་གནད་དོན་ལ་གཞིགས་ནས།རང་ཁུལ་གྱི་འབྲེལ་ཡོད་ཁེ་ལས་ལ་ཚན་རྩལ་གྲོན་དངུལ་གྱི་དོ་དམ་དང་འབྲེལ་ཡོད་ངོས་འཛིན་བྱ་ཐབས་ཐད་ལ་གསོ་སྦྱོང་བྱས་པ་རེད།གསོ་སྦྱོང་བྱེད་པའི་ནང་དོན་ནི་ཞིང་ཆེན་རིམ་པའི་ཚན་རྩལ་རྣམ་གྲངས་གྲོན་དངུལ་གྱི་ཚད་ལྡན་དོ་དམ་བེད་སྤྱོད་དང་།ཚན་རྩལ་དང་དངུལ་རྩ་ཟུང་འབྲེལ་བྱེད་པའི་མཛུབ་སྟོན་དགོངས་པ་དང་ནང་དོན་གཙོ་བོ།གསར་ཏུ་བཏོན་པའི་སྲིད་ཇུས་ཀྱིས་ཚན་རྩལ་རྣམ་པའི་ཁེ་ལས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ།ཚན་རྩལ་གྱི་ཉེན་སྲུང་དང་།དངོས་པོ་དང་མ་དངུལ་གྱི་ཉེན་སྲུང་།མཐོ་གསར་ལག་རྩལ་གྱི་ཁེ་ལས་དང་གསར་སྐྲུན་རྣམ་པའི་ཚོད་ལྟའི་ཁེ་ལས།དམངས་གཉེར་ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་བའི་ངོས་འཛིན་བྱེད་པའི་ཆ་རྐྱེན་དང་ཡིག་ཐོག་སྙན་ཞུའི་རྒྱུད་རིམ་སོགས་ཡོད།

རྫོང་གསུམ་གྱི་ཞིང་ལས་ཚན་རྩལ་ཅུས་དང་གསར་སྤེལ་ཆུས་སྤྱི་ཚོགས་བྱ་གཞག་དོ་དམ་ཅུས་ཀྱི་ཚན་རྩལ་ལས་བགོས་འགན་གཉེར་པ་དང་།རྣམ་གྲངས་དོ་དམ་མི་སྣ།ཞིང་ཆེན་དང་ཁུལ་རིམ་པའི་ཚན་རྩལ་འཆར་གཞིའི་རྣམ་གྲངས་ཀྱི་སྒྲུབ་འགན་འཁུར་མཁན་ཁེ་ལས་40ལྷག་གི་འགན་འཁུར་བ།ཚན་རྩལ་གྲོན་དངུལ་གྱི་རྩིས་པ་དང་།ཞིབ་རྩིས་པ་སོགས་གསོ་སྦྱོང་དུ་ཞུགས་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག