མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱིས་ལུགས་མཐུན་གྱིས་ཆུའི་ཐོན་ཁུངས་བེད་སྤྱོད་གཏོང་བ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-11-15 09:59

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཆུ་དོན་ཅུས་ནས་ཤེས་གསལ་བྱུང་དོན། ཉེ་བའི་ལོ་འགར། བདེ་ཆེན་ཁུལ་གྱི་ཆུ་བེད་སྡེ་ཁག་གིས་ཆུའི་ཐོན་ཁུངས་ཀྱི་དོ་དམ་དང་། བསྲི་ཚགས། སྲུང་སྐྱོང་བཅས་གཙོ་བོར་བཞག་ནས། ཁྲིམས་ལུགས་གཏན་འབེབས་ཡག་པོ་བྱས་པ་དང་། ཆུའི་ཐོན་ཁུངས་ཀྱི་བེད་སྤྱོད་འཆར་གཞི་ཡག་པོ་འགོད་ནས། ཆུ་ལེན་པའི་ཆོག་མཆན་དང་ཆུའི་ཐོན་ཁུངས་ཀྱི་རིན་པ་བསྡུས་བ་བཅས་ཆུའི་ཐོན་ཁུངས་ལ་སྲུང་སྐྱོང་བྱས་པ་དང་དོ་དམ་འཇོན་ནུས་ཇེ་མཐོར་གཏོང་བ་དེས་ཆུའི་ཐོན་ཁུངས་ལུགས་མཐུན་གྱིས་བེད་སྤྱོད་གཏོང་བར་སྐུལ་སྤེལ་གཏོང་བ་རེད།

《ཡུན་ནན་ཞིང་ཆེན་གྱི་ཆུ་ལེན་པའི་ཆོག་མཆན་དང་ཆུའི་ཐོན་ཁུངས་ཀྱི་རིན་པ་བསྡུ་བའི་དོ་དམ་བྱ་ཐབས》ལ་གཞིགས་ནས། རང་ཁུལ་གྱིས་བྱ་ཐབས་ལག་བསྟར་བྱས་ནས། རྫོང་སོ་སོའི་ལག་བསྟར་བྱེད་ཚུལ་ལ་ལྟ་སྐུལ་བྱས། ད་སྔར། ཁུལ་ཡོངས་སུ་ཆུ་ལེན་པའི་ཆོག་མཆན་ལག་ཁྱེར་94ཡོད། ཆོག་མཆན་ནང་གི་ཆུ་ལེན་ཚད་ནི་སྨི་ལྷམ་པ་ཁྲི1455800.4ཡིན། ཆུའི་ཐོན་ཁུངས་ཀྱི་རིན་པའི་དོ་དམ་ལམ་ལུགས་ཐོག་རིམ་པ་བགོས་པའི་དོ་དམ་ལམ་ལུགས་ལག་བསྟར་བྱས་ནས། ཀྲུང་དབྱང་ནོར་སྲིད་དུ་10%ཡར་སྤྲོད་བྱས་པ་དང་། ཞིང་ཆེན་ནོར་སྲིད་དུ་30%ཡར་སྤྲོད་བྱས་པ། 20%ནི་ཁུལ་ནོར་སྲིད་ཀྱིས་དོ་དམ་བྱེད་པ་དང་། 40%ནི་རྫོང་ནོར་སྲིད་ཀྱིས་དོ་དམ་བྱེད་པ་རེད།

ཆུ་འགོ་སྲུང་སྐྱོང་ལམ་ལུགས་ཐད་ལ། རང་ཁུལ་གྱིས་ཆུ་བེད་དང་ཆུའི་དོ་དམ་མཐུན་ཚོགས་འཛུགས་ནས། ཆུ་འགོ་སྲུང་སྐྱོང་ཁུལ་གཏན་འཁེལ་བྱས་ནས་ཆུ་འགོར་སྲུང་སྐྱོང་བྱས་པ་རེད། དུས་མཚུངས་སུ། 《བདེ་ཆེན་བོད་ཁུལ་གྱི་ཆུ་བེད་འཕེལ་རྒྱས་ཀྱི་འཆར་གཞི》འགྲེམ་སྤེལ་གཏོང་བ་དང་། ཉེ་ལམ་ད་དུང《བདེ་ཆེན་ཁུལ་ཆུའི་ཐོན་ཁུངས་ཀྱི་དོ་དམ་སྲོལ་ཡིག》འགྲེམ་སྤེལ་བྱ་རྒྱུ། ཁྲིམས་ལུགས་ཀྱི་ཐོག་ནས་ཆུའི་ཐོན་ཁུངས་ཀྱི་འཆར་གཞི་དང་དོ་དམ། བེད་སྤྱོད་ལས་ཀ་ཡག་པོ་སྒྲུབ་པ་རེད།

ཉེ་བའི་ལོ་འགར། རང་ཁུལ་གྱིས་ཐོག་མཐའ་བར་དུ་ཆུའི་སྐོར་གྱི་ཁྲིམས་ལུགས་ཁྲིམས་སྲོལ་དྲིལ་བསྒྲགས་གཏོང་རྒྱུ་དེ་ཆུའི་ཐོན་ཁུངས་དོ་དམ་ལས་ཀའི་གཙོ་གནད་དུ་བཞག་པ་རེད། ལོ་རེའི་འཛམ་གླིང་གི་ཆུའི་དུས་ཆེན་དང་། ཀྲུང་གོའི་ཆུའི་གཟའ་འཁོར་ལ་སླེབས་སྐབས། ཆུའི་སྐོར་གྱི་ཁྲིམས་ལུགས་ཁྲིམས་སྲོལ་དང་ཆུའི་ཐོན་ཁུངས་སྲུང་སྐྱོང་བྱེད་པའི་དགོས་སྙིང་དག་དྲིལ་བསྒྲགས་རྒྱ་ཆེར་བྱས་ནས། རྒྱ་ཆེའི་མང་ཚོགས་ཀྱིས་གོམ་གང་མདུན་སྤོས་ཀྱིས་ཆུའི་སྐོར་གྱི་ཁྲིམས་ལུགས་ཁྲིམས་སྲོལ་ལ་རྒྱུས་མངའ་བྱུང་བ་དང་། ཆུའི་ཉེན་ཁའི་འདུ་ཤེས་དང་། ཆུ་འགོར་སྲུང་སྐྱོང་བྱ་བའི་ཧུར་ཐག་རང་བཞིན་ཇེ་མཐོར་གཏོང་བ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག