མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་ནགས་ལས་ཅུས་ཀྱིས་དབུལ་སྐྱོར་བྱེད་གནས་ཀྱི་ཏང་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-11-15 09:59

  ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན།ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ནགས་ལས་ཅུས་ཀྱི་བརྟག་ཞིབ་ཚོ་ཆུང་གིས་སེམས་ཀྱི་ཉི་ཟླ་རྫོང་སྐད་ཚག་ཤང་གཡང་མདོ་གྲོང་སྡེར་བརྟག་ཞིབ་བྱས་ཤིང་།གྲོང་སྡེ་དེའི་ཏང་གི་སྤྱི་ཁྱབ་ཀྲི་པུའུ་དང་མཉམ་འཛུགས་དམིགས་ཡུལ་གཏན་འབེབས་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།གཡང་མདོ་གྲོང་སྡེ་ལ་ཁྱོན་བསྡོམས་དུད་ཚང་114དང་མི་གྲངས་597ཡོད་ལ།གྲོང་སྡེའི་ཏང་གི་སྤྱི་ཁྱབ་ཀྲི་པུའུ་ལ་ཏང་ཡོན་98ཡོད་ལ།ཏང་ནང་དུ་ཞུགས་པའི་ཧུར་བརྩོན་པ་མི་གྲངས་25ཡོད།མཉམ་འཛུགས་དམིགས་ཡུལ་ལ་གཞིགས་ནས།ཁུལ་ནགས་ལས་ཅུས་ཏང་ཨུ་དང་གཡང་མདོ་གྲོང་སྡེའི་སྤྱི་ཁྱབ་ཀྲི་པུའུ་ཡིས་ཕྱོགས་གསུམ་གྱི་ཐད་ནས་རོགས་སྒྲིག་མཉམ་འཛུགས་ལས་ཀ་སྒྲུབ་རྒྱུ་ཡིན་ཏེ།གཅིག་ནི་རླུང་མདོའི་སྐྱེ་ཁམས་ཀྱི་གནས་བབ་བཟང་པོ་དང་གནས་ཁོངས་ཀྱི་ས་བབ་བཟང་པོ་ལ་བརྟེན་ནས།སྐྱེ་ཁམས་ཅན་གྱི་འཕེལ་རྒྱས་ལམ་བུར་སྐྱོད་རྒྱུ་ཡིན་ཞིང་།རྩ་ཆེའི་ནགས་ཚལ་སྐྱེ་ཁམས་ཀྱི་ཐོན་ཁུངས་སྲུང་སྐྱོང་ཡག་པོ་བྱེད་པ་དང་།སི་ཁྲོན་ནས་བདེ་ཆེན་དུ་ཞུགས་པའི་མཛེས་སྡུག་ལྡན་པའི་ལམ་མདོ་ཞིག་ཏུ་འཛུགས་རྒྱུ་ཡིན་པ།གཉིས་ནི་གཡང་མདོ་གྲོང་སྡེའི་ཏང་འཛུགས་སྐྱོང་བྱེད་སྒོ་ཁང་གི་མཁྲེགས་ཆས་འཛུགས་སྐྲུན་ཡག་པོ་ཡིན་ཞིང་།མཉེན་ཆས་འཛུགས་སྐྲུན་མི་འདང་བའི་གནད་དོན་དེ་ལ་གཞིགས་ནས།མཉེན་ཆས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུའི་འཆར་གཞི་བཀོད་ཅིང་།སྒྲིག་ལམ་དང་དྲིལ་བསྒྲགས་ལེ་ཚན་སོགས་ཀྱི་འཛུགས་སྐྲུན་ནང་དོན་དེ་རུ་ཚུད་ཡོད།བྱེད་སྒོ་ཁང་གི་སྒྲོག་ཙེ་བཟོ་དུས་རང་ས་གནས་ཀྱི་རྒྱུ་ཆ་བེད་སྤྱོད་བྱ་རྒྱུ་དང་།མི་རིགས་ཀྱི་ཁྱད་ཆོས་ལྡན་ཞིང་སྤྱོད་གོ་ཆོད་པོ་ཡིན་དགོས་པའི་བླང་བྱ་བཏོན་ཡོད།གྲོན་དངུལ་དེ་ཁུལ་ནགས་ལས་ཅུས་ཀྱིས་སྤྲོད་རྒྱུ་ཡིན་པ་རེད།གསུམ་ནི་གྲོང་སྡེའི་ནང་གི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ནས།གཡེར་མའི་འདེབས་འཛུགས་མུའུ་ཁྲི་ཟིན་པའི་གྲོང་སྡེའི་འཛུགས་སྐྲུན་བསམ་ཕྱོགས་བཏོན་ཞིང་།ཁུལ་ནགས་ལས་ཅུས་ཀྱིས་སྡོང་ཕྲུག་དང་འདེབས་འཛུགས་ལག་རྩལ་མཁོ་སྤྲོད་བྱ་རྒྱུ་རེད།ལས་གྲྭ་དེ་2014ལོ་ནས་བཟུང་ལས་འགོ་ཚུགས་རྒྱུ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག