མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

འབའ་ལུང་རྫོང་གིས་ལས་བྱེད་པའི་སློབ་གསོ་ལས་ཀར་ཤུགས་སྣོན་རྒྱག་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-11-14 10:29

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཚུན་དུ།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འབའ་ལུང་རྫོང་གིས་གོ་ཆོད་ངེས་ཀྱི་བྱ་ཐབས་ལ་བརྟེན་ནས། གོམ་གང་མདུན་སྤོས་ཀྱིས་ལས་བྱེད་པ་དང་མང་ཚོགས་ལ་སློབ་གསོ་བྱེད་ཤུགས་ཇེ་ཆེར་བཏང་ནས། ལས་བྱེད་པའི་བྱང་ཚད་མཐོར་འདེགས་བཏང་སྟེ། ལས་བྱེད་པའི་ལས་འགན་སྒྲུབ་པའི་འཇོན་ནུས་ཇེ་མཐོར་གཏོང་བ་རེད།

རྫོང་དེས་གོང་རིམ་རྩ་འཛུགས་ཀྱི་གསོ་སྦྱོང་རེ་བར་གཞིགས་ནས་ཧུར་ཐག་གིས་གསོ་སྦྱོང་གི་མིང་ཐོ་བཀོད་པའི་ལས་ཀ་སྒྲུབ་པ་དང་། གསོ་སྦྱོང་གི་བརྡ་ཐོ་གཏོང་བ་བཅས་ཀྱི་ཞབས་ཞུ་ལས་ཀ་སྒྲུབ་པ་རེད། ལོ་སྟོད་དུ་བསྡོམས་ཏེ་ཞིང་ཨུའི་ཏང་གི་སློབ་གྲྭའི་དཔྱིད་དུས་ཀྱི་གསོ་སྦྱོང་མཐུན་སྦྱོར་མི6ཡར་ཞུས་བྱས་ཡོད་ལ། ཞིང་གྲོང་གི་ལས་བྱེད་པའི་དཔྱིད་དུས་ཀྱི་གསོ་སྦྱོང་མཐུན་སྦྱོར་མི10 ན་གཞོན་ལས་བྱེད་པའི་གསོ་སྦྱོང་གི་མཐུན་སྦྱོར་མི4 ཏང་སྲིད་ཀྱི་ལས་བྱེད་འགོ་ཁྲིད་ཞིང་ཆེན་གྱི་གསོ་སྦྱོང་འཛིན་གྲྭ་གཙོ་གནད་དུ་འགྲོ་འོས་པའི་མི་9 ཁུལ་ཨུའི་ཏང་གི་སློབ་གྲྭའི་རྒྱུན་ལས་ཧྲུའུ་ཅི་གསོ་སྦྱོང་མི་12 ཁུལ་ཨུའི་ཏང་གི་སློབ་གྲྭའི་བུད་མེད་ལས་བྱེད་པ་གསོ་སྦྱོང་མི་5 ཀྲུང་དབྱང་རྩ་འཛུགས་པུའུ་དང་ཞིང་ལས་པུའུ་ཡིས་མཉམ་འབྲེལ་བྱས་ནས་སྤེལ་བའི་སློབ་གྲྭ་ཆེན་མོ་བ་གྲོང་དཔོན་གྱི་གཙོ་གནད་གསོ་སྦྱོང་མི་1བཅས་ཡར་ཞུས་བྱས་པ་རེད། འབྲེལ་ཡོད་བརྒྱུད་རིམ་ལ་གཞིགས་ནས་རྫོང་ཐད་གཏོགས་ཀྱི་སྡེ་ཁག་སོ་སོའི་མི་སྣ་དང་ཁ་གཏད་ལས་ཁུངས་བར་གྱི་འབྲེལ་བ་མཐུན་སྦྱོར་བྱས་ནས་འབྲེལ་ཡོད་ཆ་འཕྲིན་ལ་རྒྱུས་ལོན་བྱེད་དུ་འཇུག་པ། ཕྱོགས་གཅིག་ནས་ཞི་ཧྲང་ཁུལ་གྱི་ཁ་གཏད་རོགས་སྐྱོར་གན་རྒྱ་དང་སྦྲགས་ནས། ཞི་ཧྲང་ཁུལ་དང་ཁ་གཏད་གྲོས་མོས་བྱས་ཏེ། གསོ་སྦྱོང་དུ་མངག་འོས་ཀྱི་ལས་བྱེད་པ་24ཞི་ཧྲང་དུ་སྐྱེལ་ནས་སྦྱོང་བརྡར་བྱེད་པའི་འཆར་གཞི་འདོན་པ། ད་སྔར། འབོར་ཐེངས་དང་པོའི་མངག་སྐྱེལ་མི་སྣ་ལས་གནས་སུ་ཞུགས་ནས་སྦྱོང་བརྡར་བྱས་ཚར། ལས་བྱེད་པས་དྲ་ཐོག་ནས་སློབ་སྦྱོང་བྱེད་པར་ཤུགས་རྒྱག་ནས། རྫོང་ནང་གི་དངོས་ཡོད་གནས་ཚུལ་དང་བསྟུན་ཏེ། སློབ་སྦྱོང་གི་ཁྱབ་ཁོངས་དེ་ཁོ་རིམ་པ་གཞོན་པའི་ལས་བྱེད་འགོ་ཁྲིད་ཀྱང་ཚུད་ཡོད་ལ། དུས་སྐབས་སྔ་མའི་ཆ་འཕྲིན་བསྡུ་ལེན་ལས་ཀ་སྒྲུབ་ཚར་བ་རེད།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག