མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

འབའ་ལུང་རྫོང་གིས་གཞི་རིམ་གྱི་རྩ་འཛུགས་འཛུགས་སྐྲུན་ཤུགས་ཆེར་གཏོང་བ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-11-14 10:29

  ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འབའ་ལུང་རྫོང་གིས《འབའ་ལུང་རྫོང་གྲོང་གསེབ་ཞབས་ཞུ་ཅན་གྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་ལྟ་སྐུལ་དོ་དམ་བྱེད་དུས“གཏན་འཁེལ་གཅིག་དང་། ཞིབ་དཔྱད་གཉིས། ཡོངས་བསྒྲགས་གསུམ”གྱི་བྱ་ཐབས》བཏོན་ནས། གོམ་གང་མདུན་སྤོས་ཀྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པས་བཏོན་པའི“ཕྱོགས་ཡོངས་ནས་ཏང་གི་འཛུགས་སྐྲུན་ཚན་རིག་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བའི”དམིགས་ཡུལ་ལས་འགན་དོན་འཁྱོལ་མཐར་ཕྱིན་བྱས་ནས། གྲོང་གསེབ་ཞབས་ཞུ་ཅན་གྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་ལྟ་སྐུལ་དོ་དམ་དང་དཔྱད་ཞིབ་སྐུལ་སློང་ལམ་ལུགས་ཅན་དང་། ཚད་གཞི་ཅན། ཚན་རིག་རང་བཞིན་ལྡན་པར་མངོན་དུ་གྱུར་བ་རེད།

《བྱ་ཐབས》ཀྱིས་སྤྱི་ཡོངས་ཀྱི་བླང་བྱ་དང་དམིགས་འབེན་ལས་འགན། ནང་དོན་གཙོ་བོ། ཞིབ་དཔྱད་བྱས་ཡུལ། བྱ་ཐབས་གོ་རིམ། ཞིབ་དཔྱད་མཇུག་འབྲས་ཀྱི་བེད་སྤྱོད། རྒྱུ་མཚན་ཞུ་འབུལ་བཅས་ཁག་བདུན་དུ་བགོས་ཡོད།

“གཏན་འཁེལ་གཅིག”ཅེས་པ་ནི་དམིགས་འབེན་གཏན་འཁེལ་བྱེད་པ། གཞི་རིམ་ཏང་རྩ་འཛུགས་ཀྱིས་ལས་འགན་གཏན་འཁེལ་བྱེད་པ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱིས་ལོ་འཁོར་ནང་གི་ལས་ཀའི་དམིགས་འབེན་དང་དམིགས་འབེན་ལས་འགན་གྱི་ཞིབ་དཔྱད་ནང་དོན་གཏན་འཁེལ་བྱེད་དགོས་པ་རེད།

“ཞིབ་དཔྱད་གཉིས”ཞེས་པ་ནི་ཞིབ་དཔྱད་ནན་པོ་བྱས་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་དོན་འཁྱོལ་བྱེད་ཚུལ་ལ་ལྟ་སྐུལ་བྱེད་པ། ལས་ཀའི་དམིགས་འབེན་ལེགས་གྲུབ་བྱེད་པའི་བརྒྱུད་རིམ་དང་མཇུག་འབྲས་ལ་ཞིབ་དཔྱད་ནན་པོ་བྱེད་དགོས། ཞིབ་དཔྱད་ཀྱིས་གཙོ་བོར་གོང་རིམ་ཏང་རྩ་འཛུགས་ཀྱིས་འོག་རིམ་ཏང་རྩ་འཛུགས་ཀྱི་ལས་ཀའི་དམིགས་འབེན་ལེགས་སྒྲུབ་ཀྱི་བརྒྱུད་རིམ་དང་མཇུག་འབྲས་ལ་ཞིབ་དཔྱད་བྱེད་པ་དང་། མང་ཚོགས་དང་ཏང་ཡོན་གྱིས་ཏང་རྩ་འཛུགས་ཀྱི་ལས་ཀའི་དམིགས་འབེན་ལེགས་སྒྲུབ་བརྒྱུད་རིམ་དང་མཇུག་འབྲས་ལ་ཞིབ་དཔྱད་བྱེད་པ། ཏང་འཛུགས་འགོ་ཁྲིད་ཚོ་ཆུང་གི་ཁོངས་མིའི་ལས་ཁུངས་དང་རིམ་པ་མཉམ་པའི་ཏང་རྩ་འཛུགས་ཀྱིས་ཏང་རྩ་འཛུགས་དེའི་ལས་ཀའི་དམིགས་འབེན་ལེགས་སྒྲུབ་བརྒྱུད་རིམ་དང་མཇུག་འབྲས་ལ་ཞིབ་དཔྱད་བྱེད་པ་བཅས་བྱ་ཐབས་གསུམ་སྤྱད་པ་རེད།

“ཡོངས་བསྒྲགས་གསུམ”ཞེས་པ་ནི་ཕྱོགས་ཡོངས་ནས་ཡོངས་བསྒྲགས་བྱས་ནས་གཞི་རིམ་ཏང་རྩ་འཛུགས་ལ་ལྟ་སྐུལ་ཤུགས་ཆེར་བྱེད་པ། གཅིག་ནི་དམིགས་འབེན་ལས་འགན་ཡོངས་བསྒྲགས་བྱེད་པ། གཉིས་ནི་དཔྱད་བསྡུར་གྱི་བྱ་ཐབས་དང་བརྒྱུད་རིམ་ཡོངས་བསྒྲགས་བྱེད་པ། གསུམ་ནི་དཔྱད་བསྡུར་ཀྱི་མཇུག་འབྲས་ཡོངས་བསྒྲགས་བྱེད་དགོས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག