མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

ཡུན་ནན་དུ་ཡོད་པའི་སྐབས12པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ས་ཐང་དང་བདེ་ཆེན་ཚོ་ཆུང་གིས་ལྟ་ཞིབ་བྱེད་སྒོ་སྤེལ་བ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-11-14 10:29


ཝང་ཧྲུའུ་ཧྥེང་དང་ཧོ་ལིའན་ཧུས།ཧོང་ཀྲིང་ཧུང་སོགས་ཡུན་ནན་དུ་ཡོད་པའི་སྐབས12པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ས་ཐང་དང་བདེ་ཆེན་ཚོ་ཆུང་གི་ཁོངས་མིས་པེ་ཧན་ཁྲང་དུ་ས་ཐང་དང་སེམས་ཀྱི་ཉི་ཟླའི་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ལམ་ཐིག་ལ་ལྟ་ཞིབ་བྱེད་བཞིན་པ།(ཧོ་ཆི་ཀོང་གིས་པར་བླངས།)

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ11ཚེས་9ཉིན། ཡུན་ནན་དུ་ཡོད་པའི་སྐབས་12པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ས་ཐང་དང་བདེ་ཆེན་ཚོ་ཆུང་གིས་ལྟ་ཞིབ་བྱེད་སྒོ་སྤེལ་ནས། ས་ཐང་དང་སེམས་ཀྱི་ཉི་ཟླའི་བར་གྱི་མྱུར་བགྲོད་གཞུང་ལམ་དང་།ས་ཐང་དང་སེམས་ཀྱི་ཉི་ཟླའི་བར་གྱི་ལྕགས་ལམ།ས་ཐང་དང་ཕན་ཀྲི་ཧྭ་བར་གྱི་ལྕགས་ལམ་གྱི་ལམ་ཐིག ཧྭ་ཕིང་དང་ས་ཐང་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་དུས་རིམ་དང་པོའི་ལས་གྲྭའི་འཛུགས་སྐྲུན་གནས་ཚུལ་བཅས་ལ་ལྟ་ཞིབ་བྱས་པ་དང་ལས་གྲྭའི་འཕེལ་ཚུལ་ལ་ཤེས་རྟོགས་ཟབ་པོ་བྱས་ཤིང་།རྣམ་གྲངས་འཛུགས་སྐྲུན་ཐད་ཐུག་པའི་དཀའ་ངལ་དང་གནད་དོན་ལ་དབྱེ་ཞིབ་བྱས་པ་རེད།

ཡུན་ནན་དུ་ཡོད་པའི་སྐབས12པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ས་ཐང་དང་བདེ་ཆེན་ཚོ་ཆུང་གི་ཁོངས་མི་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཝང་ཧྲུའུ་ཧྥེང་དང་ས་ཐང་གྲོང་ཁྱེར་གྱི་འགོ་འཛིན་ཧོ་ལིའན་ཧུས།བདེ་ཆེན་ཁུལ་སྲིད་གཞུང་གི་ཁུལ་དཔོན་ཧོང་ཀྲིང་ཧུང་དང་དབྱང་ཅིན་སྲུང་།ཧུའུ་ཨ་ལའོ། ནེ་ཡུའེ་ཧུང་།ཡུས་ཞུའུ་ཀྲི་སོགས་ལྟ་ཞིབ་དུ་ཞུགས་ཡོད།

འཐུས་མི་ཚོས་ས་ཐང་དང་སེམས་ཀྱི་ཉི་ཟླའི་བར་གྱི་མྱུར་བགྲོད་གཞུང་ལམ་དང་།ས་ཐང་དང་སེམས་ཀྱི་ཉི་ཟླའི་བར་གྱི་ལྕགས་ལམ། ས་ཐང་དང་ཕན་ཀྲི་ཧྭ་བར་གྱི་ལྕགས་ལམ་གྱི་ལམ་ཐིག ཧྭ་ཕིང་དང་ས་ཐང་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་དུས་རིམ་དང་པོའི་ལས་གྲྭའི་འཛུགས་སྐྲུན་གནས་ཚུལ་བཅས་ལ་ལྟ་ཞིབ་བྱས་རྗེས།ས་ཐང་གྲོང་ཁྱེར་དུ་ལྟ་ཞིབ་ལས་ཀའི་བཞུགས་མོལ་ཚོགས་འདུ་འཚོགས་ཏེ།ཁུལ་དང་གྲོང་ཁྱེར་གཉིས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་གལ་ཆེའི་འཛུགས་སྐྲུན་རྣམ་གྲངས་4ཡི་འབྲེལ་ཡོད་གནས་ཚུལ་གྱི་སྙན་ཞུ་ལ་ཉན་པ་རེད།བཞུགས་མོལ་ཚོགས་འདུའི་ཐོག འཐུས་མི་ཚོས་གསུང་བཤད་གནང་ཞིང་དགེ་མཚན་ལྡན་པའི་བསམ་འཆར་བཏོན་པ་རེད།ཧོ་ལིའན་ཧུས་ཀྱིས་གཙོ་སྐྱོང་གནང་བ་རེད།

ཝང་ཧྲུའུ་ཧྥེང་གིས་གསུང་བཤད་གནང་དུས་བསྟན་དོན།མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིས་མི་དམངས་འཐུས་མི་ཚོགས་ཆེན་མཇུག་སྒྲིལ་བའི་རིང་ལ་རྒྱལ་ཁབ་ཀྱི་ལས་ཁུངས་དང་འབྲེལ་ཡོད་སྡེ་ཁག་ལ་ལྟ་ཞིབ་བྱེད་པ་དེ་བཅའ་ཁྲིམས་ཀྱིས་གནང་བའི་གལ་ཆེའི་འགན་འཁྲི་ཞིག་ཡིན་ཞིང་འཐུས་མིས་ཁྲིམས་ལྟར་འགན་འཁྲི་ལག་བསྟར་བྱེད་པ་དང་མི་དམངས་ཀྱི་འདོད་བློ་ཤེས་རྟོགས་བྱེད་པ།མང་ཚོགས་ཀྱི་བསམ་འཆར་དང་རེ་བ་ཕྱིར་མཚོན་པ།གྲོས་གཞི་དང་བསམ་འཆར་འདོན་པ་བཅས་ཀྱི་རྨང་གཞི་ཞིག་ཡིན།ཡུན་ནན་དུ་ཡོད་པའི་སྐབས་12པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ས་ཐང་དང་བདེ་ཆེན་ཚོ་ཆུང་གི་འཐུས་མིས་ཆབ་སྲིད་ཀྱི་འདུ་ཤེས་མཐོ་རུ་གཏོང་བ་དང་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་གནང་བའི་འགན་དབང་ལག་བསྟར་བྱེད་པ།དུས་དང་རྣམ་པ་ཀུན་དུ་མིག་དཔེའི་བྱེད་ནུས་འདོན་སྤེལ་བྱེད་དགོས།

བདེ་ཆེན་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དབྱང་ཞུའེ་ལིའན་དང་ས་ཐང་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཝང་ཅིན་ལུང་།བདེ་ཆེན་ཁུལ་དང་ས་ཐང་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཕེལ་སྒྱུར་ཨུ་དང་འགྲིམ་འགྲུལ་ཅུས།རྒྱལ་ཁབ་ཀྱི་མངའ་ཁོངས་ཅུས།ཁོར་ཡུག་སྲུང་སྐྱོང་ཅུས་སོགས་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བ་གཙོ་བོ་ལྟ་ཞིབ་ཏུ་ཞུགས་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག