མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱིས་ལོ5རུ་ལས་ལམ་གསར་འབྱེད་ཀྱི་དངུལ་བུན་སྒོར་ཁྲི3336བཏང་བ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-11-14 10:28

  ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་གུང་གཞོན་ཚོགས་པ་ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་ཨུ་ནས་ཤེས་གསལ་བྱུང་དོན། ལོ5ཡི་རིང་ལ། བདེ་ཆེན་ཁུལ་གྱིས་ཕྱོགས་ཡོངས་ནས“ལས་ལམ་གསར་འབྱེད་ཀྱི་འབོར་ཆུང་དངུལ་བུན་གཏོང་བ་དང་། ཁྲལ་སོགས་ཆག་ཡང་དང་རྩ་ཆག་གཏོང་བ། ལས་ལམ་གསར་འབྱེད་བྱེད་མཁན་ལ་རོགས་སྐྱོར་དང་གསོ་སྦྱོང་བྱེད་པ། ལས་ལམ་གསར་འབྱེད་ཀྱི་ཁ་གསབ་རོགས་དངུལ་སྤྲད་པའི”སྲིད་ཇུས་དོན་འཁྱོལ་མཐར་ཕྱིན་བྱས་ཤིང་ཁྱོན་བསྡོམས་དངུལ་བུན་སྒོར་ཁྲི3336བཏང་སྟེ། གཞོན་ནུ562ལ་ལས་ལམ་གསར་འབྱེད་ཀྱི་རོགས་རམ་བྱས་པ་དང་ཁུལ་ཡོངས་ཀྱི་མི2000ཙམ་ལ་ལས་ཞུགས་སྐུལ་ཁྲིད་བྱས་པ་རེད།

དེ་ལས་མང་བའི་གཞོན་ནུ་ལ་ལས་ལམ་གསར་འབྱེད་ཀྱི་སྐུལ་འདེགས་བྱེད་པ་དང་གཞོན་ནུ་ལ་ལས་ལམ་གསར་འབྱེད་ཀྱི་བརྒྱུད་རིམ་ནང་བྱུང་བའི་མ་དངུལ་དཀོན་པའི་གནས་ཚུལ་སེལ་བའི་ཆེད་དུ། གུང་གཞོན་ཚོགས་པ་བདེ་ཆེན་ཁུལ་ཨུས་ཧུར་ཐག་ངང་སྲིད་ཇུས་ཀྱི་དྲིལ་བསྒྲགས་དང་ངོ་སྤྲོད་ལས་ཀ་ཡག་པོ་སྒྲུབ་ཅིང་། གཏིང་ཟབ་ཀྱིས་བརྟག་དཔྱད་ཞིབ་འཇུག་བྱེད་པ་དང་གཞོན་ནུའི་ལས་ལམ་གསར་འབྱེད་ལ་རོགས་རམ་བྱེད་པའི་ནུས་ལྡན་བྱ་ཐབས་འཚོལ་བ་མ་ཟད། ད་དུང་ཚན་རིག་དང་མཐུན་པའི་དོ་དམ་ལམ་ལུགས་བཙུགས་པ། ཆེ་དོན་གྲོས་ཚོགས་སྡུད་པ་དང་བརྟག་དཔྱད་ཞིབ་འཇུག་བྱས་པ་བརྒྱུད་ནས་ལས་ལམ་གསར་འབྱེད་ལ་རོགས་རམ་བྱེད་པའི་དམིགས་འབེན་ལས་འགན་གཏན་འཁེལ་བྱས་པ་དང་། ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པའི་རོགས་སྐྱོར་འཆར་གཞི་དང་བྱ་ཐབས་འཛུགས་ནས་“ལས་ལམ་གསར་འབྱེད་ཀྱི་འབོར་ཆུང་དངུལ་བུན་སྤྲད་པ་དང་། ཁྲལ་སོགས་ཆག་ཡང་དང་རྩ་ཆག་གཏོང་བ། ལས་ལམ་གསར་འབྱེད་བྱེད་མཁན་ལ་རོགས་སྐྱོར་དང་གསོ་སྦྱོང་བྱེད་པ། ལས་ལམ་གསར་འབྱེད་ཀྱི་ཁ་གསབ་རོགས་དངུལ་སྤྲད་པའི”སྲིད་ཇུས་དེས་དོན་དངོས་སུ་གཞོན་ནུའི་ལས་ལམ་གསར་འབྱེད་ལ་རོགས་རམ་བྱེད་ཐུབ་པར་འགན་སྲུང་བྱས་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག