མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

འཇོལ་རྫོང་གིས་དུས་སྐབས་གཉིས་པའི་ཐོབ་ཐང་ལག་ཁྱེར་གྱི་མཛུབ་རིས་བསྡུ་ལེན་ལས་ཀ་སྤེལ་འགོ་བརྩམས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-11-14 10:27

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འཇོལ་རྫོང་སྤྱི་བདེ་ཅུས་ནི་དུས་སྐབས་གཉིས་པའི་ཐོབ་ཐང་ལག་ཁྱེར་གྱི་མཛུབ་རིས་བསྡུ་ལེན་ལས་ཀའི་དཔེ་སྟོན་ས་ཚིགས་ཡིན་པའི་ཆ་ནས། བདེ་ཆེན་ཁུལ་སྤྱི་བདེ་ཅུས་ཀྱིས་གཅིག་གྱུར་གྱི་བཀོད་སྒྲིག་ལྟར། དུས་སྐབས་གཉིས་པའི་སྡོད་དམངས་ཀྱི་ཐོབ་ཐང་ལག་ཁྱེར་གྱི་མཛུབ་རིས་བསྡུ་ལེན་ལས་ཀ་སྤེལ་འགོ་བརྩམས།

གོམ་གང་མདུན་སྤོས་ཀྱིས་སྡོད་དམངས་ཀྱི་ཐོང་ཐང་ལག་ཁྱེར་གྱི་ཆ་འཕྲིན་ཤོང་ཚད་ཇེ་མཐོར་གཏོང་ནས། དུས་སྐབས་གཉིས་པའི་སྡོད་དམངས་ཀྱི་ཐོབ་ཐང་ལག་ཁྱེར་གྱི་མཛུབ་རིས་བསྡུ་ལེན་ལས་ཀའི་སྤུས་ཚད་ལ་ཁག་ཐེག་བྱ་ཆེད། འཇོལ་རྫོང་སྤྱི་བདེ་ཅུས་ཀྱིས་དོ་སྣང་ཆེན་པོ་བྱས་ནས། གཅིག་ནི་དུས་སྐབས་གཉིས་པའི་ཐོབ་ཐང་ལག་ཁྱེར་གྱི་མཛུབ་རིས་བསྡུ་ལེན་ལས་ཀའི་དྲིལ་བསྒྲགས་བྱས་པ་དང་། གཉིས་ནི་དུད་ཐོ་གཉེར་བའི་མི་དམངས་ཉེན་རྟོག་པས་འཕྲུལ་ཆས་སྤྱོད་པའི་གསོ་སྦྱོང་སྤེལ་བ། གསུམ་ནི་ལས་གནས་དང་། སྒྲིག་ཆས། མི་སྣ་བཅས་སྒྲིག་སྦྱོར་འདང་ངེས་བྱས་པ། གོམ་རིམ་ལས་དོན་སྡེ་ཁག་གི་ལས་ཀའི་རེ་བ་ལྟར། བསྡུ་ལེན་ལས་གནས་ལ་མཛུབ་རིས་བསྡུ་ལེན་བྱེད་པའི་འཕྲུལ་ཆས་དང་། རྩིས་འཁོར་ལ་སོགས་པའི་དགོས་ངེས་ཀྱི་ཡོ་བྱད་དག་སྒྲིག་སྦྱོར་བྱས་པ་རེད། དུས་མཚུངས་སུ་བསྡུ་ལེན་ལས་ཀ་རྒྱུན་ལྡན་སྤེལ་ཐུབ་པའི་ཆེད་དུ། རྩིས་འཁོར་དག་ལ་ཕྱོགས་ཡོངས་ནས་ཚོད་ལྟ་བྱས་ནས་འབྲེལ་ཡོད་སྒྲིག་ཆས་སྒྲིག་སྦྱོར་བྱས་ཡོད།

འགོ་བརྩམས་པའི་མཛད་སྒོའི་ཐོག ལས་བྱེད་པས་མང་ཚོགས་ལ་དུས་སྐབས་གཉིས་པའི་ཐོབ་ཐང་ལག་ཁྱེར་གྱི་མཛུབ་རིས་བསྡུ་ལེན་བྱེད་པའི་སྙིང་དོན་དང་དགོས་དོན་འཆད་འགྲེལ་བྱས་རྗེས། ཧྲིང་ཕིང་མངག་གཏོང་ཁང་གིས་མང་ཚོགས་ལ་མཛུབ་རིས་ཀྱི་ཐོང་ཐང་ལག་ཁྱེར་སྤྲོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག