མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་དུ་ལས་བཟོའི་སྨན་བཅོས་རོགས་རེས་སུ་ཞུགས་པའི་མི་གྲངས་ཁྲི3ཟིན་ཡོད་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-11-14 10:27

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། མིག་སྔར། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་པའི་ལས་བཟོའི་སྨན་བཅོས་རོགས་རེས་མ་དངུལ་རྩིས་ལེན་བྱས་ཚར་བ། རོགས་རེས་མ་དངུལ་ཁྱོན་བསྡོམས་སྒོར་ཁྲི254ལེན་ཏེ། དུས་མཉམ་ལས6.7% འཕར་བ་དང་། དེར་ཞུགས་པའི་མི་ཐེངས31073ཟིན་ཏེ། དུས་མཉམ་ལས7.1%འཕར་བ་རེད།

ད་ལོའི་ཟླ9པར་སྐབས་བཅུ་པའི་ལས་བཟོའི་སྨན་བཅོས་རོགས་རེས་བྱེད་སྒོ་སྤེལ་བའི་ཚུན། བདེ་ཆེན་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་བཟོ་ཚོགས་རྩ་འཛུགས་དང་། ལས་ཁུངས་སོ་སོའི་འགན་ཁུར་བ། རྒྱ་ཆེ་བའི་ལས་བཟོ་བཅས་ཀྱིས་མཉམ་ལས་དང་རོགས་སྐྱོར་བྱས་པའི་འོག རོགས་རེས་མ་དངུལ་རྩིས་ལེན་བྱས་པའི་ལས་ཀ་ཁག་བདེ་བླག་ངང་སྒྲུབ་ཚར་བ་དང་། དེར་ཞུགས་པའི་ལས་བཟོ་བས་མཐུན་སྒྲིལ་རོགས་རེས་ཀྱི་དགོངས་དོན་དར་སྤེལ་བཏང་བ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག