མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

འབའ་ལུང་རྫོང་གིས་གཞུང་ལམ་དོ་དམ་ཤེས་བྱ་སློབ་གྲྭར་སྐྱེལ་བ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-11-14 10:27

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  སྤྱི་ཟླ11པའི་ཚེས6ཉིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འབའ་ལུང་རྫོང་གཞུང་ལམ་གཞུང་ལམ་དོ་དམ་རུ་ཆེན་གྱིས་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་བསྟར་བྱེད་པའི་གོ་སྐབས་འཛིན་ནས། འབའ་ལུང་རྫོང་ནས་འཇོལ་རྫོང་བར་གྱི་རིམ་པ་གཉིས་པའི་གཞུང་ལམ་གྱི་ལམ་རྒྱུད་དུ་གནས་པའི་མཐའ་ཆུ་ལྟེ་བའི་སློབ་ཆུང་དུ་།གཞུང་ལམ་དོ་དམ་གྱི་ཁྲིམས་ལུགས་དང་ཁྲིམས་སྲོལ་ཤེས་བྱ་སློབ་གྲྭར་སྐྱེལ་བའི་བྱེད་སྒོ་སྤེལ་བ་རེད།

ཐེངས་འདིའི་བྱེད་སྒོའི་ཁྲོད་དུ། རུ་ཆེན་དེས་སློབ་གྲྭར་ལམ་གཅེས་ལམ་སྲུང་གི་དྲིལ་བསྒྲགས་དཔྱད་ཡིག་དང་པར་རིས10སྦྱར་བ་དང་། སློབ་གྲྭར་ཡོད་པའི་སློབ་མ་ལ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་བཅའ་ཁྲིམས》དང་《གཞུང་ལམ་བདེ་འཇགས་ཀྱི་སྲུང་སྐྱོང་སྲོལ་ཡིག》དང་འབྲེལ་བ་ཡོད་པའི་གཞུང་ལམ་དོ་དམ་གྱི་ཁྲིམས་ལུགས་ཁྲིམས་སྲོལ་བཀོད་ཡོད་པའི་སྦྱོང་དེབ4000བཀྲམ་པ་དང་།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་བཅའ་ཁྲིམས》དང་《གཞུང་ལམ་བདེ་འཇགས་ཀྱི་སྲུང་སྐྱོང་སྲོལ་ཡིག》གི་དཔྱད་ཡིག1000ལྷག་བཀྲམ་བ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག