མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁྱིམ་ཚང་སློབ་གསོའི་ཆེད་དོན་འཆད་ཁྲིད་སྤེལ་བ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-11-14 10:27

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  སྤྱི་ཟླ11པའི་ཚེས7ཉིན།  རྒྱལ་ཡོངས་ཀྱི་སྔོན་ཐོན་སློབ་གསོ་ལས་བྱེད་པའམ།  ཡུན་ནན་ཞིང་ཆེན་ཁྱིམ་ཚང་སློབ་གསོ་ཞིབ་འཇུག་ཚོགས་པའི་ཁྱིམ་ཚང་སློབ་གསོ་ཆེད་མཁས་པ་དབྱང་ཏའེ་ཅོན་བདེ་ཆེན་ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་གདན་ཞུ་བྱས་པ་ལྟར།  བདེ་ཆེན་ཁུལ་གྱི་རྒྱ་ཆེའི་བུད་མེད་རྣམས་ལ་ཁྱིམ་ཚང་སློབ་གསོའི་ཆེད་དོན་འཆད་ཁྲིད་བྱས།

རྒྱུས་ལོན་པ་ལྟར་ན།  དབྱང་ཏའེ་ཅོན་ནི་ཡུན་ནན་ཞིང་ཆེན་གྱི་ཁྱིམ་ཚང་སློབ་གསོའི་ཞིབ་འཇུག་ཚོགས་པའི་ཁྱིམ་ཚང་སློབ་གསོའི་ཆེད་མཁས་པ་དང་། རྒྱལ་ཡོངས་ཀྱི་སྔོན་ཐོན་ཁྱིམ་ཚང་སློབ་གསོའི་ལས་བྱེད་པ།  ནའོ་ཅང་ཁུལ་སློབ་གསོ་ཅུའུ་ཡི་དགེ་རྒན་ཆེན་མོ།  ཞི་ཧྲོང་པན་ན་ཁུལ་སྤྱི་བདེ་ཅུའུ་མཐའ་མཚམས་རུ་ཁག་གི་གདན་ཞུས་དགེ་རྒན་ཆེན་མོ་དང་ས་ཁམས་བདེ་ཐང་སློབ་གསོའི་བློ་འདོན་པ་བཅས་ཀྱི་འགན་བཞེས་ཡོད།  ཉེ་བའི་ལོ་བཅུའི་ནང་། ཁོ་སྔ་གཞུག་རུ་ཞིང་ཆེན་ནང་ཁུལ་གྱི་ཁུལ་དང་གྲོང་ཁྱེར། པེ་ཅིན་དང་ཧྲང་ཧེ།  སི་ཁྲོན་སོགས་ཞིང་ཆེན་དང་ས་ཁུལ་ནས་ཆེད་དོན་སྙན་ཞུ་ཐེངས2000ལྷག་སྤེལ་བ་དང་།  ཉན་མཁན་མི་ཐེངས་ཁྲི200ལྷག་ལ་ཟིན་ཡོད་པས།  སྤྱི་ཚོགས་སྟེང་གི་ལས་རིགས་སོ་སོའི་དགའ་བསུ་ཆེན་པོ་ཐོབ།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག