མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱི་བོད་བརྒྱུད་ནང་བསྟན་ཆོས་ལུགས་དགོན་སྡེ་སོ་སོ་རུ་དཔེ་ཁང་འཛུགས་སྐྲུན་བྱས་ཏེ་ལེགས་འགྲུབ་བྱུང་བ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-11-14 10:26

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  སྤྱི་ཟླ10བའི་ཚེས9ཉིན་ནས་སྤྱི་ཟླ11པའི་ཚེས1ཉིན་བར།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་རིག་གནས་གསར་འགྱུར་པར་སྐྲུན་ཅུའུ་ཡིས་ཁུལ་དང་རྫོང་།  ཤང་རིམ་པའི་རིག་གནས་གསར་འགྱུར་པར་སྐྲུན་ཁང་གི་ལས་བྱེད་མི་སྣ་དང་ཞིན་ཧྭ་དཔེ་ཁང་གི་ལས་བྱེད་མི་སྣ་སོགས་རྩ་འཛུགས་བྱས་ཏེ།  ཁུལ་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་ཆོས་ལུགས་དགོན་སྡེ་སོ་སོར་དཔེ་ཁང་འཛུགས་སྐྲུན་བྱེད་པའི་བྱ་བ་ཡོངས་སུ་ལེགས་འགྲུབ་བྱུང་བ་དང་།  བོད་བརྒྱུད་ནང་བསྟན་དགོན་པ24ལ་དཔེ་སྒམ་དང་སྒྲོག་ཙེ།  དཔེ་ཁང་གི་ལམ་ལུགས་བྱང་བུ།  བོད་རྒྱ་སྐད་གཉིས་དཔེ་དེབ་སོགས་རྣམ་གྲངས་སྒྲིག་ཆས་བཀོད་སྒྲིག་བྱས་པས།  བོད་བརྒྱུད་ནང་བསྟན་ཆོས་ལུགས་དགོན་སྡེ་སོ་སོ་རུ་དཔེ་ཁང་འཛུགས་སྐྲུན་བྱས་པ་དང་།  ཁུལ་ཡོངས་ཀྱི“དགོན་སྡེ་སོ་སོ་རུ་དཔེ་ཁང་འཛུགས་སྐྲུན་བྱེད་པའི”དམིགས་འབེན་ལེགས་འགྲུབ་བྱུང་།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག