མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་རྫོང་དུ་ལས་བྱེད་མང་ཚོགས་མཉམ་དུ་ཁྱིམ་གཞིས་གསར་བ་འཛུགས་སྐྲུན་བྱེད་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-11-13 10:46

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། “8.28”དང“8.31”ས་འགུལ་བྱུང་རྗེས།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བདེ་ཆེན་རྫོང་གིས་ལས་བྱེད་མི་སྣ681གི་གྲུབ་པའི་ལས་བྱེད་རུ་ཁག་རྩ་འཛུགས་བྱས་ཏེ།  ཤང་དང་གྲོང་རྡལ་དང་། ཞིང་སྡེ། དུད་ཁྱིམ་སོགས་འགན་གཙང་ལེན་བྱས་པ་དང་།  རྫོང་ཡོངས་ཀྱི་གནོད་ཐེབས་ས་ཁུལ་དུ་སོང་ནས་གནོད་ཐེབས་མང་ཚོགས་ཀྱི་ཁྱིམ་གཞིས་བསྐྱར་སྐྲུན་བྱེད་པར་རོགས་སྐྱོར་བྱས།  མིག་སྔར། ལས་བྱེད་ཚན་ཆུང་གིས་གནོད་འཚེ་ཐེབས་པའི་གཞི་གྲངས་དངོས་འབེབས་བྱེད་བཞིན་ཡོད་ལ།  སྤྱི་ཟླ11པའི་ཚེས15ཉིན་དངོས་འབེབས་བྱས་ནས་སྤྱི་བསྒྲགས་བྱེད་རྒྱུ་རེད།  པར་རིས་སྟེང་སྡེ་མིས་ཁྱིམ་གཞིས་གསར་བ་འཛུགས་སྐྲུན་བྱེད་བཞིན་པའི་ཚུལ།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག