མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱིས་སྐྱེ་ཁམས་ཕན་ནུས་ཀྱི་ཁ་གསབ་རོགས་དངུལ་སྤྲད་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-11-13 10:44

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོར།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་གོ་རིམ་ལྡན་པའི་ངང་རྒྱལ་ཁབ་སྤྱི་ཕན་ནགས་ཚལ་གྱི་སྐྱེ་ཁམས་ཕན་ནུས་ཁ་གསབ་རོགས་དངུལ་སྤྲད་པའི་བྱེད་སྒོ་སྤེལ་བ། ཟླ10པའི་བར་དུ། རྒྱལ་ཁབ་རིམ་པའི་སྤྱི་ཕན་ནགས་ཚལ་གྱི་ཁ་གསབ་རོགས་དངུལ་སྒོར་ཁྲི8811.56བཏང་བ་དང་། ཞིང་ཆེན་རིམ་པའི་སྤྱི་ཕན་ནགས་ཚལ་གྱི་ཁ་གསབ་རོགས་དངུལ་སྒོར་ཁྲི1703.50། ཐད་ཀར་ཞིང་དུད་ལ་ཁ་གསབ་རོགས་དངུལ་སྒོར་ཁྲི7279.86བཅས་ཁ་གསབ་རོགས་དངུལ་དེ་ཁུལ་ཡོངས་ཀྱི་ཤང་དང་གྲོང་རྡལ29རུ་བཏང་སྟེ། ཞིང་དུད་རེ་ལ་ཁ་གསབ་རོགས་དངུལ་སྒོར981བཏང་བ་རེད། སྐྱེ་ཁམས་ཕན་ནུས་ཀྱི་ཁ་གསབ་རོགས་དངུལ་སྤྲོད་པ་ནི་ལུགས་མཐུན་གྱིས་སྐྱེ་ཁམས་ཕན་ནུས་ནགས་ཚལ་གྱི་ཐོན་ཁུངས་སྲུང་བ་དང་སྐྱེ་ཁམས་ཕན་ནུས་ནགས་ཚལ་རྒྱུན་མཐུད་ཀྱིས་བདག་གཉེར་དང་དོ་དམ་བྱེད་ཐུབ་པའི་ནུས་ཡོད་ཐབས་ལམ་ཞིག་ཡིན། རང་ཁུལ་གྱི་སྐྱེ་ཁམས་ནགས་ཚལ་ལ་རང་བྱུང་སྲུང་སྐྱོང་ནགས་ཚལ་དང་། ཁོར་ཡུག་སྲུང་སྐྱོང་ནགས་ཚལ། ཡུལ་ལྗོངས་ནགས་ཚལ་སོགས་སྣ་རིགས་མང་པོ་གཏོགས་པ་རེད།

བདེ་ཆེན་ཁུལ་ཡོངས་སྤྱི་ཕན་ནགས་ཚལ་གྱི་རྒྱ་ཁྱོན་མུའུ་ཁྲི2650.61ཡོད་པ། དེའི་ནང་རྒྱལ་ཁབ་རིམ་པའི་སྤྱི་ཕན་ནགས་ཚལ་མུའུ་ཁྲི1895.63ཡོད་པ་དང་། ཞིང་ཆེན་རིམ་པའི་སྤྱི་ཕན་ནགས་ཚལ་མུའུ་ཁྲི547.82ཡོད་པ། རྫོང་རིམ་པའི་སྤྱི་ཕན་ནགས་ཚལ་མུའུ་ཁྲི207.16ཡོད་པ་རེད། དེའི་ནང་རྒྱལ་ཁབ་ལ་དབང་བའི་རྒྱལ་ཁབ་རིམ་པའི་སྤྱི་ཕན་ནགས་ཚལ་མུའུ་ཁྲི178ཡོད་དེ། ལོ་རེར་མུའུ་རེ་ལ་ཁ་གསབ་རོགས་དངུལ་སྒོར5སྤྲོད་ཡོད་ལ། ཚོགས་སྤྱི་དང་མི་སྒེར་ལ་དབང་བའི་རྒྱལ་ཁབ་རིམ་པའི་སྤྱི་ཕན་ནགས་ཚལ་མུའུ་ཁྲི834.9ཡོད་དེ། ལོ་རེར་མུའུ་རེ་ལ་ཁ་གསབ་རོགས་དངུལ་སྒོར10སྤྲོད་ཡོད། ཚོགས་སྤྱི་དང་མི་སྒེར་ལ་དབང་བའི་ཞིང་ཆེན་རིམ་པའི་སྤྱི་ཕན་ནགས་ཚལ་མུའུ་ཁྲི233.61ཡོད་དེ། ལོ་རེར་མུའུ་རེ་ལ་ཁ་གསབ་རོགས་དངུལ་སྒོར10སྤྲོད་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག