མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་སྤྱི་ཚོགས་ཕན་བདེ་ལྟེ་གནས་འཛུགས་སྐྲུན་བྱེད་འགོ་བརྩམས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-11-13 10:41

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ11པའི་ཚེས8ཉིན།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དང་སེམས་ཀྱི་ཉི་ཟླ་རྫོང་དམངས་སྲིད་ཐིན་བཅས་ཀྱིས་མཉམ་དུ་འཛུགས་སྐྲུན་བྱེད་པའི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་སྤྱི་ཚོགས་ཕན་བདེ་ལྟེ་གནས་སེམས་ཀྱི་ཉི་ཟླ་རྫོང་གི་མཁར་ཤར་ཁུལ་དུ་དངོས་སུ་འཛུགས་སྐྲུན་བྱེད་འགོ་བརྩམས།

 ཤེས་གསལ་བྱུང་བ་ལྟར་ན།  བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླ་རྫོང་གི་སྤྱི་ཚོགས་ཕན་བདེ་ལྟེ་གནས་སུ་བདེ་ཆེན་ཁུལ་སྤྱི་ཚོགས་ཕན་བདེ་གླིང་དང་བདེ་ཆེན་ཁུལ་བྱིས་པའི་ཕན་བདེ་གླིང་།  བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླ་རྫོང་ཡུལ་འཁྱར་སྤྲང་བོའི་རོགས་སྐྱོར་དོ་དམ་ས་ཚིགས།  བདེ་ཆེན་ཁུལ་མྱུར་སྐྱོར་དངོས་ཟོག་གསོག་འཇོག་ལྟེ་གནས་སོགས་རྣམ་གྲངས་བཞི་འདུས།  རགས་རྩིས་བྱས་པ་ལྟར་ན་ཕན་བདེ་ལྟེ་གནས་འདིས་སྤྱིའི་མ་དངུལ་སྒོར་ཁྲི3461.3བཏང་སྟེ།  ས་མུའུ48དང་སྤྱིའི་བཟོ་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ12815.21བཀོལ་ཡོད་ལ།  2015ལོའི་སྤྱི་ཟླ9བའི་ནང་ལེགས་འགྲུབ་འབྱུང་ངེས།

  བདེ་ཆེན་ཁུལ་དམངས་སྲིད་ཅུའུ་ཡི་འབྲེལ་ཡོད་མི་སྣས་མཚམས་སྦྱོར་བྱས་པ་ལྟར་ན།  འཛུགས་སྐྲུན་བྱེད་འགོ་བརྩམས་པའི་བདེ་ཆེན་ཁུལ་སྤྱི་ཚོགས་ཕན་བདེ་གླིང་དང་བདེ་ཆེན་པུལ་སེམས་ཀྱི་ཉི་ཟླ་རྫོང་ཡུལ་འཁྱར་སྤྲང་བོའི་རོགས་སྐྱོར་དོ་དམ་ས་ཚིགས་སོགས་ནི་བདེ་ཆེན་ཁུལ་གྱི“ལོ་ལྔའི་ཚན་བཅུ་གཉིས”ནང་གི་བོད་ཁུལ་ཆེད་སྤྱོད་རྣམ་གྲངས་ཡིན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག