ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ11པའི་ཚེས6ཉིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་གིས“8.28”དང“8.31”གནོད་ཕྱིའི་བསྐྱར་འཛུགས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཐེངས་དང་པོའི་གྲོས་ཚོགས་བསྡུས། གྲོས་ཚོགས་ལས《སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་གིས་སེམས་ཀྱི་ཉི་ཟླ་རྫོང་གི“8.28”、“8.31”གནོད་ཕྱིའི་བསྐྱར་འཛུགས་ཁྲོད་ཀྱི་དམངས་སྡོད་ཁང་པ་སླར་གསོ་དང་གནོད་ཐེབས་མང་ཚོགས་བཀོད་སྒྲིག་བྱེད་པའི་ཁ་གསབ་རོགས་སྐྱོར་སྲིད་ཇུས་གཏན་འཁེལ་བྱེད་པའི་སྙན་ཞུ》དང《སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་གིས་སེམས་ཀྱི་ཉི་ཟླ་རྫོང་གི“8.28”、“8.31”ས་འགུལ་ལས་ཤང་དང་གྲོང་རྡལ་གྱི་དམངས་སྡོད་ཁང་པ་གནོད་པ་ཐེབས་པར་སླར་གསོ་བྱེད་པའི་ཁ་གསབ་རོགས་སྐྱོར་སྙན་ཞུ》བཅས་ལ་གྲོས་མོལ་དང་ཞིབ་འཇུག་བྱས་པ་མ་ཟད། སེམས་ཀྱི་ཉི་ཟླ་རྫོང་གི་གནོད་ཕྱིའི་བསྐྱར་འཛུགས་ཁྲོད་ཀྱི་དམངས་སྡོད་ཁང་པ་སླར་གསོ་བྱེད་པའི་ཁ་གསབ་རོགས་སྐྱོར་སྲིད་ཇུས་དང་བྱེད་ཐབས་གཏན་འཁེལ་བྱས། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ཏང་ཨུའི་རྒྱུན་ཨུའམ། སེམས་ཀྱི་ཉི་ཟླ་རྫོང་གི་ཏང་ཨུའི་ཧྲུའུ་ཅི་ཡུས་ཧྲིན་ཞང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད་པ་དང་གཏམ་བཤད། །