མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

རྡོ་མཁར་རྫོང་གིས119མེ་འགོག་མེ་གསོད་ཉིན་གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-11-12 09:58


མེ་གསོད་ཐབས་ཀྱི་གསོ་སྦྱོང་བྱེད་པ།

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ11པའི་ཚེས7ཉིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མེ་གསོད་རུ་ཁག་དང་རྡོ་མཁར་རྫོང་དོ་དམ་ཨུ་ཡོན་ལྷན་ཁང་གིས་རྡོ་མཁར་རྫོང་ཟླ་འོད་ཐང་ཆེན་དུ་མེ་འགོག་མེ་གསོད་ཤེས་བྱའི་དྲིལ་བསྒྲགས་སློབ་གསོ་བརྗོད་བྱ་གཙོ་བོར་བཟུང་པའི119མེ་འགོག་མེ་གསོད་ཉིན་གྱི་བྱེད་སྒོ་སྤེལ་བ། མི250ལྷག་བྱེད་སྒོར་ཞུགས་ཡོད།

བྱེད་སྒོའི་ཁྲོད་དུ། གསོ་སྦྱོང་དགེ་རྒན་གྱིས་རིགས་པའི་གཞུང་ལུགས་དང་སྣ་རིགས་སོ་སོའི་གྱོ ད་དོན་མཉམ་སྦྲེལ་བྱེད་པའི་བྱ་ཐབས་སྤྱད་དེ། མེ་འགོག་བདེ་འཇགས་ཀྱི་གལ་ཆེའི་རང་བཞིན་དང་མེ་གསོད་པའི་གཞི་རྩའི་བྱ་ཐབས་དང་མེ་སྐྱོན་ཤོར་ས་ནས་ཅི་འདྲས་ཐར་བའི་ཤེས་བྱ་སོགས་འགྲེལ་བཤད་བརྒྱབ་པ།

དངོས་སྦྱོང་བྱེད་པའི་སྐབས་སུ། གསོ་སྦྱོང་དགེ་རྒན་གྱིས་མེ་གསོད་ཆུ་སྒོ་སོགས་མེ་གསོད་སྒྲིག་ཆས་ཀྱི་སྤྱོད་སྟངས་ལ་འགྲེལ་བཤད་དང་དཔེ་སྟོན་བྱས་ནས།འབྲེལ་ཡོད་ལས་བྱེད་མི་སྣས《མེ་འགོག་མེ་གསོད་ཀྱི་ཁྲིམས་ལུགས》དང་《མེ་འགོག་བདེ་འཇགས་ཀྱི་རྒྱུན་ཤེས》《ཁྱིམ་ཚང་གི་མེ་འགོག་ཤེས་བྱ》སོགས་མེ་འགོག་མེ་གསོད་ཀྱི་དྲིལ་བསྒྲགས་དཔྱད་ཡིག་བཏང་བ་རེད།

བྱེད་སྒོ་སྤེལ་བ་དང་སློབ་སྦྱོང་བྱས་པ་བརྒྱུད། གསོ་སྦྱོང་དུ་ཞུགས་པའི་མི་སྣ་ཚང་མས་བསྟན་དོན། ཐེངས་འདིའི་སློབ་གསོ་ལ་ཕན་ནུས་ཆེན་པོ་ལྡན་ཏེ། རང་ཉིད་ཀྱི་མེ་འགོག་བདེ་འཇགས་འདུ་ཤེས་མཐོ་རུ་བཏང་བ་ལས་གཞན། མེ་འགོག་བདེ་འཇགས་ཐད་ཀྱི་རྒྱུན་ཤེས་མང་པོ་ཡང་རྒྱུས་ལོན་བྱས་ཐུབ་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག