མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

འཛུགས་སྐྲུན་བྱེད་བཞིན་པའི་ཁམས་བོད་ཚོང་ར།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-11-12 09:58

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཁམས་བོད་ཚོང་རའི་རྣམ་གྲངས་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་ཆབ་མདོ་ལམ་དང་དར་མདོ་ལམ་གྱི་འབྲེལ་མཚམས་སུ་ཆགས་ཡོད། རྣམ་གྲངས་དེའི་དུས་སྐབས་དང་པོར་མ་དངུལ་སྒོར་དུང་ཕྱུར4འཇོག་རྒྱུ་ཡིན་ཞིང་། སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི7ཟིན་ཏེ། སང་ལོའི་ཟླ8པར་མཇུག་སྒྲིལ་རྒྱུ། ཁམས་བོད་ཚོང་རའི་རྣམ་གྲངས་ཀྱིས་གཅིག་བསྡུས་ངང་ཡུལ་སྐོར་མགྲོན་ཁང་དང་། ཚོང་སྡོད་ཐོག་ཁང་། ཚོང་ར། གྲོང་སྡེའི་ཚོང་ར་སོགས་སྒྲིག་གཞི་འཛུགས་སྐྲུན་བྱས་ནས་ཡུལ་སྐོར་དང་ཚོང་ལས་གཙོ་བོར་བྱེད་ལ། ཚོང་ར་དེ་ལ་ས་ཐོག་རླངས་འཁོར་འཇོག་ས110དང་ས་འོག་རླངས་འཁོར་འཇོག་ས624བཀོད་སྒྲིག་བྱས་ཡོད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག