མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་ཏང་ཨུས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་ལ་སློབ་སྦྱོང་དྲིལ་བསྒྲགས་དང་ལག་ལེན་མཐར་ཕྱིན་བྱེད་དགོས་པའི་བརྡ་ཐོག་བཏང་བ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-11-08 11:01

  ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཏང་ཨུས་《སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་རབ་དང་རིམ་པའི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་ལ་སློབ་སྦྱོང་དྲིལ་བསྒྲགས་དང་ལག་ལེན་མཐར་ཕྱིན་བྱེད་རྒྱུའི་སྐོར་གྱི་བརྡ་ཐོ》བཏོན་ནས།རིམ་པ་ཁག་གི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་རབ་དང་རིམ་པའི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་ལ་གོ་རྟོགས་ཟབ་པོ་བྱས་ཏེ།མུ་མཐུད་དུ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་ལས་ཀ་གཏིང་ཟབ་ཏུ་སྤེལ་དགོས།

《བརྡ་ཐོ》ཡི་ཐོག་བཏོན་དོན།ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ།སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་བསྒྱུར་བཅོས་དང་འཕེལ་རྒྱས།བརྟན་ལྷིང་།ནང་སྲིད།ཕྱི་འབྲེལ།རྒྱལ་སྲུང་།ཏང་སྐྱོང་དང་རྒྱལ་སྐྱོང་དམག་སྐྱོང་སོགས་སྐོར་ལ་རབ་དང་རིམ་པའི་གལ་ཆེའི་གསུང་བཤད་གནང་བས།རང་ཁུལ་གྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་གནས་བབ་གསར་པའི་འོག་གི་ལས་དོན་ཁག་ཡག་པོ་བསྒྲུབ་པར་སྟོབས་ཆེའི་བསམ་བློའི་དྲག་ཆས་ཤིག་མཁོ་སྤྲོད་བྱས་པ་རེད།

《བརྡ་ཐོ》ཡི་ཐོག་ནན་གྱིས་གསུང་དོན།སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་རབ་དང་རིམ་པའི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་ལ་ཤེས་རྟོགས་ཟབ་པོ་བྱེད་དགོས།སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་རབ་དང་རིམ་པའི་གལ་ཆེའི་གསུང་བཤད་དེ་རང་རྒྱལ་གྱི་བསྒྱུར་བཅོས་འཕེལ་རྒྱས་ཐད་ལ་ཐུག་པའི་གནས་བབ་གསར་པ་དང་ཟུང་འབྲེལ་དམ་པོ་བྱས་པ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་དགོས་མཁོ་དངོས་ལ་གཞིགས་ནས།ཏང་དང་རྒྱལ་ཁབ་ལ་རབ་དང་རིམ་པའི་གལ་ཆེའི་བླང་བྱ་བཏོན་པ་རེད།གསུང་བཤད་ལ་ནང་དོན་ཕུན་སུམ་ཚོགས་པོ་ཡོད་དེ།ཏང་སྐྱོང་དང་རྒྱལ་སྐྱོང་།དམག་སྐྱོང་བཅས་ཕྱོགས་སོ་སོར་ཁྱབ་ཡོད་ལ།དཔལ་འབྱོར་འཛུགས་སྐྲུན་དང་ཆབ་སྲིད་འཛུགས་སྐྱོང་།རིག་གནས་འཛུགས་སྐྱོང་།སྤྱི་ཚོགས་འཛུགས་སྐྱོང་།སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དང་ཏང་གི་འཛུགས་སྐྱོང་སོགས་ཁྱབ་ཁོངས་སོ་སོར་འབྲེལ་བ་ཡོད།གསུང་བཤད་ལ་སློབ་སྦྱོང་དྲིལ་བསྒྲགས་དང་ལག་ལེན་མཐར་ཕྱིན་གཏིང་ཟབ་བྱེད་པ་དེ་ལོ་རྒྱས་ཀྱི་འགོ་ཚུགས་ས་གསར་པའི་ཐོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་།“ལོ་བརྒྱ་ཕྲག་གཉིས”ཀྱི་ཕུགས་འདོན་མངོན་དུ་འགྱུར་བ།བདེ་ཆེན་གྱི་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་འཆམ་མཐུན་འཕེལ་རྒྱས།མཆོང་སྐྱོད་འཕེལ་རྒྱས་མགྱོ གས་སུ་གཏོང་བ།ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་པའི་དམིགས་ཡུལ་དེ་མགྱོ གས་ཙམ་མངོན་འགྱུར་ཡོང་བ་བཅས་ལ་གལ་ཆེའི་དོན་སྙིང་ལྡན་པ་རེད།

《བརྡ་ཐོ》ཡི་ཐོག་བླང་བྱ་བཏོན་དོན།ཁུལ་ཡོངས་ཀྱི་རིམ་པ་ཁག་གི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་རབ་དང་རིམ་པའི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་ལ་སློབ་སྦྱོང་དྲིལ་བསྒྲགས་དང་ལག་ལེན་མཐར་ཕྱིན་གཏིང་ཟབ་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་འགན་འཁྲི་ཞིག་ཏུ་འཛིན་ཏེ།ཏན་ཏིག་གིས་བསམ་བློ་དང་བྱ་སྤྱོད་དེ་གསུང་བཤད་ཀྱི་ཐོག་ཏུ་གཅིག་གྱུར་ཡོང་བ་བྱས་པ་དང་།བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐོག་ནས་ཀྲུང་དབྱང་དང་ཚད་མཐོའི་གཅིག་མཐུན་ཡོང་བ་བྱས་ཏེ།ཁུལ་ཡོངས་ཀྱི་གོང་འོག་ནས་གསུང་བཤད་ཀྱི་དགོངས་དོན་ལ་སློབ་སྦྱོང་དྲིལ་བསྒྲགས་དང་ལག་ལེན་མཐར་ཕྱིན་བྱེད་པའི་ཚ་རླབས་ཤིག་སློང་དགོས།

རིམ་པ་ཁག་གི་ཏང་ཨུས་ཀྲུང་དབྱང་དང་ཞིང་ཨུ།ཁུལ་ཨུ་བཅས་ཀྱི་བླང་བྱ་ལྟར།ཆེད་དོན་བཀོད་སྒྲིག་དང་རྩ་འཛུགས་ཞིབ་ཕྲ།ལས་ཀར་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས།རིམ་པ་ཁག་དང་སྡེ་ཁག་སོ་སོ་ནས་ཏང་ཨུའི་གཅིག་གྱུར་གྱིས་འགོ་ཁྲིད་འོག རམ་འདེགས་དམ་པོ་བྱེད་པ་དང་སློབ་སྦྱོང་དྲིལ་བསྒྲགས་དང་ལག་ལེན་མཐར་ཕྱིན་ལས་ཀ་ཡག་པོ་བསྒྲུབ་དགོས།རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་སྣེ་འཁྲིད་ནས་སློབ་སྦྱོང་བྱེད་པ་དང་།སྣེ་འཁྲིད་ནས་སྒྲོག་འགྲེལ་བྱེད་པ།སྣེ་འཁྲིད་ནས་ལག་ལེན་མཐར་ཕྱིན་བྱས་ཏེ།མིག་དཔེའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་དགོས།སྡེ་ཁག་སོ་སོ་དང་སྡེ་ཚན་སོ་སོ་ཡིས་རམ་འདེགས་དམ་པོ་བྱེད་པ་དང་མཉམ་དུ་སློབ་སྦྱོང་དྲིལ་བསྒྲགས་དང་ལག་ལེན་མཐར་ཕྱིན་ལས་ཀ་གཏིང་ཟབ་ཏུ་སྒྲུབ་པར་སྐུལ་འདེད་བཏང་ནས་དེ་བས་ཆེ་བའི་གྲུབ་འབྲས་ཐོབ་པའི་ལྷན་དུ།སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་རབ་དང་རིམ་པའི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་ལ་སློབ་སྦྱོང་དྲིལ་བསྒྲགས་དང་ལག་ལེན་མཐར་ཕྱིན་བྱས་པའི་གནས་ཚུལ་ཁུལ་ཨུར་སྙན་སེང་ཞུ་དགོས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག