མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སེམས་ཀྱི་ཉི་ཟླ་རྫོང་གིས་དབང་བོ་སྐྱོན་ཅན་ལ་གསོ་སྦྱོང་བྱས་ཏེ་ལས་ཞུགས་ཀྱི་བགྲོད་ལམ་ཇེ་ཡངས་སུ་བཏང་བ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-11-08 11:00


དབང་བོ་སྐྱོན་ཅན་གྱི་ལས་ཞུགས་གསོ་སྦྱོང་བྱེད་ས།

བློ་བཟང་གིས་སྡེ་མིར་འདྲུད་འཐེན་འཁོར་ལོ་ཞིག་གསོ་བྱེད་བཞིན་པ།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་དུ་དབང་བོ་སྐྱོན་ཅན5800ལྷག་ཡོད་པ་དང་།  དེའི་ནང་ལས་ཞུགས་ཀྱི་གནད་དོན་ཐག་བཅད་མེད་པའི་དབང་བོ་སྐྱོན་ཅན2000ལྷག་ཡོད།  དབང་བོ་སྐྱོན་ཅན་གྱི་ལས་རིགས་ནུས་རྩལ་མཐོར་འདེགས་སུ་བཏང་སྟེ།  ཁོ་ཚོའི་རང་སྟེང་གི་བྱང་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་ཆེད།  སེམས་ཀྱི་ཉི་ཟླ་རྫོང་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ལས་བཟོ་བ་མཁོ་བའི་ལས་ཁུངས་ལ་མངགས་བཅོལ་བྱས་ནས་གསོ་སྦྱོང་བྱེད་པ་དང་།  དབང་བོ་སྐྱོན་ཅན་རང་ཉིད་ཀྱིས་གསོ་སྦྱོང་ལས་ཁུངས་འབྲེལ་གཏུགས་བྱེད་པ།  ངལ་རྩོལ་སྡེ་ཁག་དང་མཉམ་འབྲེལ་བྱས་ཏེ་གསོ་སྦྱོང་བྱེད་པ།  གོང་རིམ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ལ་མངགས་བཅོལ་བྱས་ནས་གསོ་སྦྱོང་བྱེད་པ་སོགས་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ།  ལས་རིགས་ནུས་རྩལ་མང་པོ་རྒྱུད་ལ་འབྱོར་བར་འབད་པ་བྱས་པའི་དུས་མཚུངས་སུ།  དབང་བོ་སྐྱོན་ཅན་ཀྱི་ནུས་རྩལ་གསོ་སྦྱོང་ལྟེ་གནས་གསར་སྐྲུན་བྱེད་པ་མ་ཟད།  གསོ་སྦྱོང་འགྲོ་སོང་སྟེང་ནས་དབང་བོ་སྐྱོན་ཅན་ལ་རྒྱབ་སྐྱོར་བྱས།

ཉེ་བའི་ལོ་འགའི་རིང་།  སེམས་ཀྱི་ཉི་ཟླ་རྫོང་དུ་བསྡོམས་པས་དབང་བོ་སྐྱོན་ཅན507གྱིས་ཞིང་ལས་འཕྲུལ་ཆས་དང་འཕྲུལ་ཆས་ཞིག་གསོ།  དངོས་བཀོལ་འདེབས་འཛུགས་གསོ་སྤེལ་ལག་རྩལ།  ཕྱུགས་ལས་སོགས་ལས་རིགས་གསོ་སྦྱོང་འཛིན་གྲྭ་སྤེལ་བས།  གསོ་སྦྱོང་ལ་ཞུགས་པའི་དབང་བོ་སྐྱོན་ཅན་ཚོའི་རང་ཉིད་ལ་འཚམ་པའི་ལས་གནས་འཚོལ་བར་མཐུན་རྐྱེན་སྐྲུན།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག