མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སེམས་ཀྱི་ཉི་ཟླ་རྫོང་གི་ཞིང་ལས་སྡེ་ཁག་གིས་ཞིང་ལས་ཀྱི་རྒྱུ་དངོས་ཚོང་རར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་བ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-11-08 10:25

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། དགུན་ཁ་སླེབས་པའི་ཚུན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་ཞིང་ལས་ཚན་རྩལ་ཅུས་ཀྱི་ཕྱོགས་བསྡུས་ཁྲིམས་སྐྱོང་རུ་ཆེན་གྱིས་དུས་རྒྱུན་གྱི་ཁྲིམས་སྐྱོང་སྐོར་ཞིབ་བྱེད་ཤུགས་ཆེ་རུ་བཏང་ཞིང་།སོན་རིགས་ཚོང་ར་དང་སོན་རིགས་ཚོང་ཁང་ལ་ཞིབ་བཤེར་བྱས་ཏེ།ཞིང་ལས་ཀྱི་རྒྱུ་དངོས་དུས་ཐོག་ཏུ་ཞིང་ཁར་སྐྱེལ་བར་ཁག་ཐེག་བྱས་པ་དང་།མང་ཚོགས་ཀྱི་ཁེ་ཕན་འགན་ལེན་བྱས་པ་རེད།

ཁྲིམས་འཛིན་རུ་ཆེན་དེ་ཡིས་ཤང་དང་གྲོང་རྡལ་མང་ཚོགས་ཀྱི་ཚོང་འདུས་ལ་འགྲོ་བའི་ཉིན་དང་ཟུང་འབྲེལ་བྱས་ནས།སྟག་མཆོང་གྲོག་རོང་དང་ཅིན་ཅང་།ཧྲང་ཅང་སོགས་ཤང་དང་གྲོང་རྡལ་འགའི་གྲོང་སྡེའི་ཚོང་རར་ཞིབ་བཤེར་བྱས།ཞིབ་བཤེར་བྱེད་དུས།ལག་ཁྱེར་མེད་པའི་ཞིང་ལས་རྒྱུ་དངོས་ཐོན་རྫས་སྐོར་སྐྱོད་ཚོང་གཉེར་བྱེད་མཁན་དུད་ཚང་5་ཞིབ་རྩད་ཆོད་ཅིང་།ཁྲིམས་འཛིན་པས་ལས་ཡུལ་དངོས་སུ་དུད་ཚང་དེ་5ལ་ཁྲིམས་སྲོལ་ལྟར་སློབ་གསོ་བྱས་པ་མ་ཟད།ད་དུང་ཚོང་གཉེར་བྱེད་མཁན་གྱིས་དུས་ཐོག་ཏུ་འབྲེལ་ཡོད་སྡེ་ཁག་ལ་ལག་ཁྱེར་བཟོ་བའི་འགྲོ་ལུགས་འགྲིམ་བཅུག་པ་རེད།

ཞིབ་བཤེར་བྱེད་དུས།ཁྲིམས་འགལ་གྱིས་བྱི་བའི་དུག་རྫས་འཚོང་བའི་གྱོ ད་གཞི་ཞིག་ཞིབ་རྩད་ཆོད་པ་རེད།ཁྲིམས་འཛིན་པས་ལས་ཡུལ་དངོས་སུ་བྱི་བའི་དུག་རྫས་དེ་གཞུང་བཞེས་བཏང་བའི་ལྷན་དུ།ཕྱིར་འཚོང་མཁན་ལ་སློབ་གསོའང་བྱས་པ་རེད།ཞིབ་བཤེར་བྱས་པར་བརྟེན་ནས།ས་དེ་གའི་ཞིང་ལས་རྒྱུ་དངོས་ཚོང་རའི་གོ་རིམ་ཚད་ལྡན་དུ་བཏང་བ་དང་ཁྲིམས་འགལ་གྱིས་ཞིང་ལས་རྒྱུ་དངོས་ཕྱིར་འཚོང་བའི་བྱ་སྤྱོད་ལ་རྡུང་རྡེབ་ནུས་ལྡན་བཏང་བ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག