མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

ཡུན་ནན་ཞིང་ཆེན་སྲིད་གཞུང་དཔྱད་ཞིབ་ཚོ་ཆུང་གིས་ཐོན་ཚད་དམའ་འབྲིང་ཞིང་ཁའི་ལེགས་སྒྲིག་རྣམ་གྲངས་ལ་དཔྱད་ཞིབ་བྱས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-11-07 10:19

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། ཡུན་ནན་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་དཔྱད་ཞིབ་ཚོ་ཆུང་གིས་སེམས་ཀྱི་ཟླ་རྫོང་ཧྲན་ཅང་ཤང་དང་ཅིན་ཅང་གྲོང་རྡལ་དུ་ཟབ་ཞུགས་བྱས་ནས2012ལོའི་ཐོན་ཚད་དམའ་འབྲིང་ཞིང་ཁའི་ལེགས་སྒྲིག་རྣམ་གྲངས་ལ་དཔྱད་ཞིབ་བྱས་པ་རེད།

དེའི་སྐབས་སུ། དཔྱད་ཞིབ་ཚོ་ཆུང་གིས་ཧྲན་ཅང་ཤང་ཀོ་ལན་གྲོང་སྡེ་དང་ཅིན་ཅང་གྲོང་རྡལ་ཞིན་ཅན་གྲོང་སྡེའི་ཐོན་ཚད་དམའ་འབྲིང་ཞིང་ཁར་ལེགས་སྒྲིག་བྱེད་བཞིན་པའི་ཡུལ་དངོས་སུ་ལྟ་ཞིབ་བྱས་ནས། སེམས་ཀྱི་ཉི་ཟླ་རྫོང་ཐོན་ཚད་དམའ་འབྲིང་ཞིང་ཁ་ལེགས་སྒྲིག་བྱེད་པའི་གཞུང་ལས་ཁང་གི་འགན་འཁུར་བས་གནས་ཚུལ་མཚམས་སྦྱོར་དང་རྫོང་ཡོངས་ཀྱི་ཐོན་ཚད་འབྲིང་བ་དང་དམའ་བའི་ཞིང་ཁ་ལེགས་སྒྲིག་ལས་ཀའི་སྙན་ཞུ་ལ་ཉན་བ། དཔྱད་ཞིབ་ཚོ་ཆུང་གིས་སེམས་ཀྱི་ཉི་ཟླ་རྫོང་ཐོན་ཚད་དམའ་འབྲིང་ཞིང་ཁ་ལེགས་སྒྲིག་བྱས་པར་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་བྱས་པ་དང་རྗེས་མའི་ཐོན་ཚད་དམའ་འབྲིང་ཞིང་ཁ་ལེགས་སྒྲིག་རྣམ་གྲངས་དང་མ་དངུལ་ལེགས་སྒྲིག་བྱེད་པ། རྣམ་གྲངས་བསྡོམས་རྩིས། ལས་ཁུངས་འཛུགས་སྐྲུན། དྲིལ་བསྒྲགས་འགོད་པ་སོགས་ཀྱི་ཐད་ལ་ཁྲིད་སྟོན་ཅན་གྱི་གྲོས་གཞི་བཏོན་པ་རེད།

2012ལོར། སེམས་ཀྱི་ཉི་ཟླ་རྫོང་གིས་ཐོན་ཚད་དམའ་འབྲིང་ཞིང་ཁ་མུའུ26164.727ལེགས་སྒྲིག་བྱས་ནས། མ་དངུལ་སྒོར་ཁྲི4290.689བཏང་བ།རྣམ་པ་ཆུང་བའི་ཆུ་བེད་ལས་གྲྭ་ཁྱོན་བསྡོམས40བཙུགས་ཡོད། ཆུ་རྐ་སྤྱི་ལེ124.638བཟོས་པ། མདོང་དྲ་སྤྱེ་ལེ99སྒྲིག་སྦྱོར་བྱས་པ། ཞིང་ཁའི་འཕྲུལ་ཆས་ཀྱི་རྨོས་ལམ་སྤྱི་ལེ44.24བཟོས་བ། རི་ཞིང་མུའུ20སྐས་ཞིང་དུ་བསྒྱུར་བ། རྨོ་ཞིང་མུའུ635.139གསར་སྣོན་བྱས་པ། སྐྱེ་དངོས་ཞིང་ལས་ལག་རྩལ་གྱི་བྱ་ཐབས་མུའུ1920ལག་བསྟར་བྱས་ནས། རྫོང་ཡོངས་ཀྱི་ཡུལ་མི་ཚོ་ཆུང་19རུ་ཁྱབ་ཡོད། རྫོང་ནོར་སྲིད་དང་། ཞིང་ལས་ཚན་རྩལ། རྒྱལ་ཁབ་ཀྱི་མངའ་ཁོངས། འཕེལ་རྒྱས་དང་བསྒྱུར་བཅོས་ཨུ། ཆུ་དོན་སོགས་འབྲེལ་ཡོད་སྡེ་ཁག་དང་ཟབ་འབྲེལ་བྱས་ནས། ལས་གྲྭ་དང་སྐྱེ་དངོས། ཞིང་ལས་ལག་རྩལ་དང་བསྟུན་པའི་བཅོས་སྐྱོང་བྱ་ཐབས་སྤྱད་དེ།བརྟན་བརླིང་ངང་ཐོན་བབ་མཐོ་བའི་ཞིང་ཁ་དང་གཞི་རྩའི་ཞིང་ཁའི་འཛུགས་སྐྲུན་བྱས་ཏེ། མངོན་གསལ་ཅན་གྱི་དཔལ་འབྱོར་ཕན་ནུས་དང་སྤྱི་ཚོགས་ཕན་ནུས།སྐྱེ་ཁམས་ཕན་ནུས་ཐོབ་པ། དུས་མཚུངས་སུ། རྣམ་གྲངས་ལག་བསྟར་བྱས་ནས། ནས་དང་ཞོག་ཁོག རྡོ་ཐ། སྨན་རྫས་སོགས་ཐོན་ལས་གོང་དུ་སྤེལ་བར་རྨང་གཞི་བཏིང་བ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག