མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་སྤྱི་བདེ་ཅུའུ་ཡིས་མི་དམངས་བར་གྱི་འབྲེལ་བ་ཟབ་པོར་གྱུར་བར་འབད་པ་བྱས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-11-07 10:19

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྤྱི་བདེ་ཅུའུ་ཡིས་དམངས་ཆེན་འཐུས་མི་དང་སྲིད་གྲོས་ཨུ་ཡོན། ཁེ་ལས། སློབ་གྲྭ སྨྱན་བྱད། ཕྱི་ནས་ཡོང་བའི་ལས་མི། ཞིང་པའི་ལས་མི། གྲྭ་བ་སོགས་ལས་རིགས་ཁག་གི་འཐུས་མི་གདན་འདྲེན་བྱས་ནས། ཁུལ་སྤྱི་བདེ་ཅུས་སུ་སྙིང་གཏམ་བཤད་པའི་གྲོས་ཚོགས་འཚོགས་ཏེ། ཡོངས་ཁྱབ་ཏུ་ལས་རིགས་ཁག་གི་འཐུས་མིས་སྤྱི་བདེའི་ལས་ཀ་དང་སྤྱི་བདེ་རུ་ཁག་འཛུགས་པའི་སྐོར་གྱི་བསམ་འཆར་དང་གྲོས་གཞི་བསྡུ་ལེན་བྱས།

གྲོས་ཚོགས་ཐོག ཁུལ་སྤྱི་བདེ་ཅུས་ཀྱི་འགན་འཁུར་བས་ཁུལ་ཡོངས་ཀྱི་སྤྱི་བདེ་ལས་ཀ་དང་རུ་ཁག་འཛུགས་པའི་གནས་ཚུལ་མཚམས་སྦྱོར་བྱས་པ། གྲོས་ཚོགས་སུ་ཞུགས་པའི་འཐུས་མིས་གྲོང་རྡལ་དང་གྲོང་ཁྱེར་གྱི་བདེ་འཇགས་དང་། རླངས་འཁོར་དོ་དམ། རོལ་རྩེད་བྱེད་ས་སོགས་སུ་ཡོད་པའི་གནད་དོན་ལ་གཞིགས་ནས། སྤྱི་བདེ་སྡེ་ཁག་གི་འགན་འཁུར་བ་དང་དཔྱད་བསྡུར་བྱས་པ་རེད།

གྲོས་ཚོགས་སུ་ཞུགས་པའི་འཐུས་མིས་བསམ་དོན། ཉེ་བའི་ལོ་འགའི་རིང་ལ། ཁུལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱི་ལས་ཀ་ཁག་ལ་གྲུབ་འབྲས་གསར་པ་ཐོབ་ཡོད་དེ། ནུས་པ་ལྡན་པའི་ངང་ས་གནས་དཔལ་འབྱོར་གྱི་གོང་འཕེལ་དང་སྤྱི་ཚོགས་བརྟན་བརླིང་ལ་སྲུང་སྐྱོང་བྱས་པ་རེད།

ཁུལ་སྤྱི་བདེ་ཅུས་ཀྱི་འགན་འཁུར་བས་བསམ་དོན། ཡོངས་ཁྱབ་ཏུ་མི་དམངས་ཀྱི་དགོས་མཁོར་འདྲི་རྩད་བྱས་ནས། མང་ཚོགས་ཀྱི་གནད་དོན་སེལ་བ་དང་།སྔར་ལས་ལྷག་པར་སྤྱི་བདེའི་ལས་ཀ་ཡག་པོར་སྒྲུབ་ནས། སྤྱི་བདེ་ལས་ཁུངས་ཀྱིས་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གཏོང་བའི་ནུས་ཤུགས་དང་ཆུ་ཚད་མཐོ་རུ་གཏོང་རྒྱུ་རེད།

གཞན་ཡང་ཤེས་གསལ་བྱུང་དོན། ཉེ་སྔོན། འཇོལ་རྫོང་སྤྱི་བདེ་ཅུས་ཀྱི་སྙན་ཞུ་ཐིང་དུ་སྙིང་གཏམ་བཤད་པའི་གྲོས་ཚོགས་འཚོགས་པ། དེར་དམངས་ཆེན་དང་སྲིད་གྲོས། སློབ་གསོ་སོགས་ཀྱི་ལས་རིགས་ཁག་ནས་ཡོང་བའི་འཐུས་མི40ལྷག་ཞུགས་ཡོད།

གྲོས་ཚོགས་སུ་ཞུགས་པའི་འཐུས་མིས་བསམ་དོན། རྫོང་སྤྱི་བདེ་ཅུས་ཀྱིས་རྡུང་རྡེག་དང་སྔོན་འགོག་ལས་ཀ་སྣ་མང་སྒྲུབ་ནས། མངའ་ཁོངས་སྤྱི་ཚོགས་ཀྱི་བདེ་འཇགས་བརྟན་བརླིང་ངང་འགན་སྲུང་བྱས་ཏེ། མང་ཚོགས་ཀྱི་བདེ་འཇགས་འདུ་ཤེས་དང་ཡིད་ཚིམ་བྱུང་ཚད་མཐོ་རུ་བཏང་ཡོད། དུས་མཚུངས་སུ། སྔར་ལས་ལྷག་པར་སྤྱི་བདེའི་ལས་ཀར་ཤུགས་སྣོན་བྱེད་བར་བསམ་འཆར་དང་གྲོས་གཞི་བཏོན་ཡོད།

ཉེན་རྟོག་པ་དང་མི་དམངས་སྙིང་གཏམ་བཤད་པའི་གྲོས་ཚོགས་འཚོགས་ནས། སྤྱི་བདེ་ལས་ཁུངས་དང་མང་ཚོགས་བར་གྱི་འབྲེལ་བ་སྔར་ལས་ཟབ་པོ་གྱུར་ཡོད་པ་རེད།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག