མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱིས་སློབ་ཆེན་སློབ་མའི་གྲོང་དཔོན་གྱི་སྤྱི་ཚོགས་ལུས་རྩལ་ཁྲིད་སྟོན་པ་ལ་གསོ་སྦྱོང་བྱས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-11-07 10:18

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་སྐབས་དང་པོའི་སློབ་ཆེན་སློབ་མའི་གྲོང་དཔོན་གྱི་སྤྱི་ཚོགས་ལུས་རྩལ་ཁྲིད་སྟོན་པའི་གསོ་སྦྱོང་བྱས་པ། སྐབས་འདིའི་གསོ་སྦྱོང་བྱས་པའི་དམིགས་ཡུལ་ནི་ནན་ཏན་གྱིས《དམངས་ཡོངས་ལུས་སྦྱོང་གི་སྲོལ་ཡིག》དོན་འཁྱོལ་མཐར་ཕྱིན་བྱས་ནས། སྔར་ལས་ལྷག་པར་སློབ་ཆེན་སློབ་མའི་གྲོང་དཔོན་གྱིས་གཞི་རིམ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བ། ལུས་རྩལ་ལུས་སྦྱོང་བྱེད་སྒོ་སྤེལ་བའི་ནུས་ཤུགས་མཐོ་རུ་གཏོང་ཞིང་། གཞི་རིམ་མང་ཚོགས་ཀྱི་རིག་གནས་དང་ལུས་རྩལ་གྱི་བྱེད་སྒོ་སྣ་མང་དུ་གཏོང་རྒྱུ་དེ་རེད།

གསོ་སྦྱོང་ཚོགས་འདུའི་ཐོག ཁུལ་ཨུའི་རྩ་འཛུགས་པུའུ་ཡི་འབྲེལ་ཡོད་འགོ་ཁྲིད་ཀྱིས་བླང་བྱ་བཏོན་དོན། སློབ་ཆེན་སློབ་མའི་གྲོང་དཔོན་གྲོང་གསེབ་ཏུ་ཟབ་ཞུགས་བྱས་ནས།མང་ཚོགས་དང་མཉམ་ལས་བྱེད་པ་དང་། སློབ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་མ་ཟད། ད་དུང་ཤེས་བྱའི་ལག་རྩལ་རྒྱུས་ལོན་བྱས་ཏེ། གཞི་རིམ་དུ་ནན་ཏན་གྱིས་ལུས་རྩལ་ལུས་སྦྱོང་བྱེད་སྒོ་ཡག་པོ་སྒྲུབ་ཅིང་། གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་འཛུགས་པར་སྐུལ་འདེད་གཏོང་བ། ནན་ཏན་གྱིས་གྲོང་གསེབ་བསྒྱུར་བཅོས་གོང་སྤེལ་གྱི་ལས་འགན་ཆེན་པོ་འཁུར་ནས། རྣམ་པ་གསར་བའི་གྲོང་གསེབ་འཛུགས་སྐྲུན་ལག་བསྟར་བྱེད་པར་རང་ཉིད་ཀྱི་སྟོབས་ཤུགས་འདོན་དགོས་པ་རེད།

ཁུལ་ལུས་རྩལ་ཅུས་ཀྱི་འགན་འཁུར་བས་རེ་བ་བཏོན་དོན།སློབ་ཆེན་སློབ་མའི་གྲོང་དཔོན་གྱི་སྤྱི་ཚོགས་ལུས་རྩལ་ཁྲིད་སྟོན་པས་གང་ལེགས་ཀྱིས་ནུས་པ་འདོན་པ་དང་བྱ་ཐབས་གསར་གཏོད་བྱས་ནས། ནན་ཏན་གྱིས་སྣ་རིགས་སོ་སོའི་དམངས་ཡོངས་ལུས་སྦྱོང་བྱེད་སྒོ་སྒྲིག་འཛུགས་བྱེད་པ། གཞི་རིམ་ལུས་རྩལ་བྱེད་སྒོ་རྒྱུན་ལུགས་ཅན་དང་གཞི་ཁྱོན་ཅན།ཚན་རིག་ཅན་དུ་སྐུལ་འདེད་གཏོང་ཞིང་། བདེ་ཆེན་གྱི་ལུས་རྩལ་ལས་དོན་ཕྱོགས་ཡོངས་དང་མཐུན་སྦྱོར། རྒྱུན་མཐུད་ཀྱིས་གོང་སྤེལ་གཏོང་བ་དང་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་བྱེད་རྒྱུར་སྐུལ་འདེད་གཏོང་དགོས།

བདེ་ཆེན་ཁུལ་གྱི་རྫོང་གསུམ་དང་ཆུས་གཅིག་ནས་ཡོང་བའི་སློབ་ཆེན་སློབ་མའི་གྲོང་དཔོན་གྱི་སྤྱི་ཚོགས་ལུས་རྩལ་ཁྲིད་སྟོན་པ82གསོ་སྦྱོང་དུ་ཞུགས་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག