མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

རྒྱལ་ཐང་གྲོང་རྡལ་གྱིས་དམའ་སྲུང་འགྲེམ་གཏོང་ཚད་ལྡན་ཅན་དུ་གཏོང་བ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-11-07 10:18

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་རྒྱལ་ཐང་གྲོང་རྡལ་གྱི་རྒན་པོ་སུང་ཞིའུ་ཀྲེན་གྲོང་གསེབ་དམའ་སྲུང་དུ་ཞུགས་ཏེ། ལོ་རེ་ལ་སྒོར300ནས800བར་གྱི་དམའ་སྲུང་རོགས་དངུལ་ལེན་ཐུབ་པ་རེད། རྒན་པོས་ང་རང་ལ་རྒྱལ་ཁབ་ཀྱིས་སྤྲད་པའི་དམའ་སྲུང་རོགས་དངུལ་ཐོབ་པ། དེ་མི་དམངས་སྲིད་གཞུང་གིས་ང་ལ་སེམས་ཁུར་བྱས་པ་ཡིན་ཞིང་། རྒྱལ་ཁབ་ཀྱིས་ཞིང་ཁྲལ་མེད་པར་བཟོ་བ་དང་། ང་ཚོ་ལ་འབྲུ་རིགས་ཀྱི་ཁ་གསབ་རོགས་དངུལ་སྤྲད་ཡོད་དེ། ཏང་གི་སྲིད་ཇུས་ཡག་པོ་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་ཞེས་བཤད་བྱུང་།

ཉེ་བའི་ལོ་འགའི་རིང་ལ། སེམས་ཀྱི་ཉི་ཟླ་རྫོང་རྒྱལ་ཐང་གྲོང་རྡལ་མི་དམངས་སྲིད་གཞུང་གིས་བཀོལ་སྤྱོད་ཚད་ལྡན་ཅན་དུ་གྱུར་བ་དང་། ཁྲིམས་བཀོད་གོ་རིམ་དམ་འཛིན་བྱས་ནས། གྲོང་གསེབ་དམའ་སྲུང་ལས་ཀར་ཤུགས་སྣོན་བརྒྱབ་པ། ལས་ཀ་སྒྲུབ་སྟངས་ཀྱི་ཐད་ལ་ཁྱིམ་ཐོར་ཞུགས་པ་དེ་གཙོ་བོར་བཟུང་སྟེ། ཕྱོགས་ཡོངས་ནས་མངོན་གསལ་ཅན་གྱིས་དོ་དམ་བྱེད་པ་དང་། ཉི་འོད་ཅན་གྱིས་ལས་ཀ་སྒྲུབ་ཡོད། དམའ་སྲུང་སྲིད་ཇུས་དང་འགན་སྲུང་ཚད་གཞི། འགན་སྲུང་མ་དངུལ། འགྲེམ་གཏོང་གོ་རིམ་སོགས་འགན་སྲུང་བྱ་ཡུལ་ཡོངས་བསྒྲགས་བྱས་པ། ངལ་རྩོལ་རང་སྐྱོབ་བྱེད་པར་བསྟོད་སྐུལ་བྱེད་པ་དང་དྲང་པོའི་ངང་དམའ་སྲུང་ལས་ཀ་བསྒྲུབས་ཡོད།

གྲོང་རྡལ་དེའི་འགན་འཁུར་བས་གསར་འགོད་པར་བཤད་དོན། ཉེ་བའི་ལོ་འགའི་རིང་ལ། གྲོང་རྡལ་དེའི་དམངས་སྲིད་ཀྱིས་ནན་ཏན་ངང་ཞིང་སྡེའི་དམའ་སྲུང་དང་། གྲོང་ཁྱེར་གྱི་ཆེས་དམའི་འཚོ་བའི་འགན་ལེན། མུག་སྐྱོབ་སོགས་ལས་ཀ་ཁག་ཡག་པོར་སྒྲུབ་ནས། ནུས་པ་ལྡན་པའི་ངང་ཞིང་སྡེའི་དབུལ་པོ་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་ལ་ཁག་ཐེག་བྱས་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག