མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱིས་ཏང་ནང་དུ་ཞུགས་པའི་འགག་སྒོ་དམ་པོ་སྲུང་ནས་ཏང་ཡོན་གྱི་སྤུས་ཚད་ཁག་ཐེག་བྱས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-11-07 10:18

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ད་ལོ་ནས་བཟུང་། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་ནན་ཏན་གྱིས་ཏང་གི་སྒྲིག་ཡིག་ཐོག་གཏན་འབེབས་བྱས་པའི་ཏང་ཡོན་གྱི་ཚད་གཞི་ལྟར་ཏང་ཡོན་འཕེལ་རྒྱས་བཏང་ཞིང་།ཏང་ནང་དུ་ཞུགས་པའི་ཧུར་བརྩོན་པར་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཏང་ནང་དུ་ཞུགས་པའི་ཀུན་སློང་དག་བཅོས་བྱེད་པ།ཏང་ཡོན་འཕེལ་རྒྱས་གཏོང་བའི་ལས་ཀའི་ཁྲོད་ཀྱི་དམངས་གཙོ་རྒྱ་སྐྱེད་གཏོང་བ།ལས་ཀའི་གོ་རིམ་དང་སྒྲིག་ལམ་ནན་ཏུ་གཏོང་བ།ཏང་ཡོན་འཕེལ་རྒྱས་གཏོང་བའི་ལས་ཀའི་འགན་འཁྲི་བདའ་འདེད་ལམ་ལུགས་དྲག་ཏུ་གཏོང་བ།ཏང་ཡོན་འཕེལ་རྒྱས་གཏོང་བའི་གནས་ཚུལ་དུས་ཚིགས་རེར་གོང་ལ་ཐེངས་རེ་ཞུ་བའི་ལམ་ལུགས་ལག་བསྟར་བྱེད་པ།ཤུགས་འཇོག་ནས་ཏང་ཡོན་གྱི་གྲངས་འབོར་ཚོད་འཛིན་བྱེད་པ་དང་ཏང་ཡོན་འཕེལ་རྒྱས་གཏོང་བའི་སྤུས་ཚད་ཐོག་ཤུགས་འཇོག་པ་བཅས་བྱས་ཏེ།བློ་ཐག་རྦད་ཆོད་ཀྱིས་ཏང་ཡོན་གྱི་ཚད་གཞིར་ཟིན་མེད་མཁན་ཏང་ནང་དུ་བསྡུ་བར་བཀག་འགོག་བྱས་པ་རེད།

དམིགས་བསལ་གྱི་གསོ་སྐྱོང་རྟེན་བྱེད་ལག་བསྟར་བྱས་ནས།རིགས་སྣ་ཁག་གི་ཤེས་ལྡན་མི་སྣ་ཏང་ནང་དུ་བསྡུ་བ་རེད།གཅིག་ནི་ཕྱུག་འགྱུར་ལ་སྣེ་ཁྲིད་བྱེད་པ་དང་སྐྱེ་ཁམས་སྲུང་སྐྱོང་ལ་སྣེ་ཁྲིད་བྱེད་པ།བརྟན་ལྷིང་སྲུང་སྐྱོང་ལ་སྣེ་ཁྲིད་བྱེད་པའི་སྔོན་ཐོན་མི་སྣ་ཏང་ཡོན་དུ་གསོ་སྐྱོང་བྱེད་པའི་“གསོ་སྐྱོང་གསུམ་གྱི་ལས་གྲྭ”ལག་བསྟར་བྱས་པ།གཉིས་ནི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་འགག་རྩར་ཐུག་པའི་དུས་སྐབས་སུ་ཏང་ཡོན་འཕེལ་རྒྱུས་གཏོང་བ་དང་།ལུང་ཁུག་དང་ཆོས་དད་མང་ཚོགས་མང་བའི་གྲོང་སྡེ་དང་ཚོ་ཆུང་དུ་ཏང་ཡོན་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱས་པ།གསུམ་ནི་རིགས་དབྱེ་ནས་ཏང་ཡོན་འཕེལ་རྒྱས་གཏོང་བའི་ལས་ཀ་སྒྲུབ་རྒྱུ་རྒྱུན་འཁྱོངས་བྱས་ཏེ།གྲོང་གསེབ་ཀྱི་གྲོང་སྡེ་དང་ཚོ་ཆུང་གི་ལས་བྱེད་པ་དང་།སློབ་ཆེན་ནས་ཕྱིར་ལོག་པའི་སློབ་ཐོན་སློབ་མ།དམག་ཞབས་ཐིམ་ནས་ཕྱིར་ལོག་པའི་དམག་མི།ལས་གཉེར་དང་ཚོང་གཉེར་བྱེད་མཁན།ཕྱུག་འགྱུར་འཇོན་མི།སློབ་ཆེན་སློབ་མའི་གྲོང་དཔོན་སོགས་ཀྱི་ཕུལ་བྱུང་ན་གཞོན་ཁྲོད་དུ་ཏང་ཡོན་གསོ་སྐྱོང་དང་འཕེལ་རྒྱས་བཏང་བ།རྒྱལ་དབང་ཁེ་ལས་ཀྱི་ནང་དུ་གཙོ་བོ་པན་དང་ཚོ་ཆུང་གི་འགོ་འཛིན་དང་།ལས་སྒོའི་རྐང་འཛིན་པ།ལག་རྩལ་འཇོན་མི་བཅས་ཀྱི་ཁྲོད་དང་།དམིགས་བསལ་དུ་ཕུལ་བྱུང་ན་གཞོན་བཟོ་པའི་ཁྲོད་དུ་ཏང་ཡོན་འཕེལ་རྒྱས་བཏང་བ།སློབ་གྲྭ་དང་བྱ་གཞག་སྡེ་ཚན་དུ་གཙོ་བོ་ན་གཞོན་དགེ་རྒན་དང་ལས་སྒོའི་རྐང་འཛིན་པ།རིག་གཞུང་གི་སྣེ་འཁྲིད་པ་སོགས་ཁྲོད་ཀྱི་ཕུལ་བྱུང་ན་གཞོན་ཏང་ཡོན་དུ་གསོ་སྐྱོང་བྱས་པ།ཆོས་ལུགས་དང་བརྟན་ལྷིང་སྲུང་ས་ཁུལ་གཙོ་བོར་ཏང་ཡོན་འཕེལ་རྒྱས་གཏོང་རྒྱུར་དོ་སྣང་བྱས་པ་རེད།

འགག་སྒོ་སྲུང་བའི་རྐྱེན་སྲོལ་བཙུགས་པ་དང་འཐུས་ཚང་དུ་བཏང་སྟེ།ཏང་ཡོན་འཕེལ་རྒྱས་གཏོང་བའི་སྤུས་ཚད་ཁག་ཐེག་བྱས་པ།ཆབ་སྲིད་ཀྱི་འགག་སྒོ་ནན་པོར་སྲུང་བ་དང་འཕེལ་རྒྱས་གཏོང་ཡུལ་ལ་ཆབ་སྲིད་ཞིབ་བཤེར་བྱས་ཏེ་སོ་ཚད་ལོངས་ན་སོ་འཕེལ་རྒྱས་བཏང་བ་རེད།གསོ་སྐྱོང་གི་འགག་སྒོ་ནན་པོར་སྲུང་ཞིང་ཏང་ནང་དུ་ཞུགས་པའི་ཧུར་བརྩོན་པའི་གསོ་སྐྱོང་སློབ་གསོའི་ལམ་ལུགས་རྒྱུན་འཁྱོངས་བྱས་ཏེ།གསོ་སྦྱོང་དུ་ཞུགས་མེད་མཁན་ནི་འཕེལ་རྒྱས་གཏོང་ཡུལ་དུ་མི་ཚུད་པ་བྱས་པ།གོ་རིམ་གྱི་འགག་སྒོ་དམ་པོར་སྲུང་ནས།ཏང་ནང་དུ་ཞུགས་པའི་འོས་སྦྱོར་གཏན་འབེབས་དང་གསོ་སྐྱོང་སློབ་གསོ།འཕེལ་རྒྱས་གཏོང་ཡུལ་གྱི་ཆབ་སྲིད་ཀྱི་ཞིབ་བཤེར་དང་ཁྲོམ་བསྒྲགས།གྲ་སྒྲིག་ཏང་ཡོན་གྱི་བསྡུ་ལེན་དང་།སློབ་གསོ།ཞིབ་དཔྱད།ཁྲོམ་བསྒྲགས་དང་ཁོངས་མི་ངོ་མར་འགྱུར་བ་སོགས་ཀྱི་བྱ་རིམ་རེ་རེ་ལ་གཟབ་ནན་གྱི་གོ་རིམ་བརྒྱུད་དེ།འགག་སྒོ་ནན་པོར་སྲུང་བ།སྒྲིག་ལམ་གྱི་འགག་སྒོ་ནན་པོར་སྲུང་ནས་ཏང་གི་སྒྲིག་ཡིག་དང་ཏང་ནང་གི་འབྲེལ་ཡོད་གཏན་འབེབས་ལྟར།ཚད་གཞིར་ལོངས་མེད་པ་དང་གོ་རིམ་ལག་བསྟར་མི་བྱེད་པ།གསོ་སྐྱོང་གི་རྟོག་ཞིབ་ཐོག་འགན་འཁྲི་ཤོར་བ།ཞིབ་བཤེར་གྱི་འགག་སྒོ་ནན་པོར་མི་སྲུང་བའི་ཏང་རྩ་འཛུགས་ཀྱི་འགན་འཁུར་བ་ལ་འགན་འཁྲི་བདའ་འདེད་བཏང་བ་རེད།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག