མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱིས་ཆོས་ལུགས་མི་སྣའི་བདེ་འཇགས་ལ་འགན་སྲུང་བྱས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-11-07 10:17

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ11པའི་ཚེས4ཉིན།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ཆོས་ལུགས་མི་སྣའི་བསམ་ཡུལ་ལས་འདས་པའི་དོན་རྐྱེན་ཉེན་བཅོལ་བྱ་བ་སྤེལ་འགོ་བརྩམས།  རྒྱུས་ལོན་པ་ལྟར་ན། བདེ་ཆེན་ཁུལ་གྱིས“སྲིད་གཞུང་གིས་མ་དངུལ་བཏང་སྟེ།  ཚོང་ལས་ཀྱིས་ཉེན་བཅོལ་འཁོར་སྤྱོད་བྱེད་པའི”ཉེན་བཅོལ་དོ་དམ་རྣམ་པ་གསར་བ་སྤྱད་དེ།  ཁུལ་ཡོངས་ཀྱི་ཁྱབ་ཁོངས་སུ་ལོ་ན18སོན་པ་དང་དགོན་སྡེ་རུ་ཐོ་འགོད་བྱས་ཡོད་པའི་ཆོས་ལུགས་མི་སྣར་བསམ་ཡུལ་ལས་འདས་པའི་དོན་རྐྱེན་ཉེན་བཅོལ་ལག་བསྟར་བྱས།

 བདེ་ཆེན་ཁུལ་གྱི་ཏང་ཨུའི་རྒྱུན་ཨུའམ།  བདེ་ཆེན་ཁུལ་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ནོར་བུ་འཕྲིན་ལས་དང་།  ཀྲུང་གོའི་མི་སྲོག་ཉེན་བཅོལ་མ་རྐང་ཚད་ཡོད་ཀུང་ཟི་ཡུན་ནན་ཡན་ལག་ཀུང་ཟིའི་སྤྱི་གཉེར་བ་གཞོན་པ་མྰ་ཧོན།  བདེ་ཆེན་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཝང་ཐེན་ཞི་སོགས་ཉེན་བཅོལ་རྣམ་གྲངས་ལག་བསྟར་བྱེད་པའི་མཛད་སྒོར་ཞུགས།

 ཝང་ཐེན་ཞིས་ཆོས་ལུགས་མི་སྣའི་སྤྱི་ཚོགས་འགན་སྲུང་བྱ་བར་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་པའི་སྤྱི་ཚོགས་ལས་རིགས་སོ་སོའི་མི་སྣར་བཀའ་དྲིན་ཞུ་བ་དང་།  ཁོང་གིས་ཁུལ་ཡོངས་ཀྱི་ཆོས་ལུགས་མི་སྣའི་བསམ་ཡུལ་ལས་འདས་པའི་དོན་རྐྱེན་ཉེན་བཅོལ་ལག་བསྟར་བྱེད་འགོ་བརྩམས་པ་ནི་སྔར་ལས་ལྷག་པར་ཆོས་ལུགས་མི་སྣའི་སྤྱི་ཚོགས་འགན་སྲུང་གི་ཁྱབ་རྒྱ་ཇེ་ཆེར་བཏང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་མ་ཟད།  ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་གཏིང་ཟབ་སྒོས་སྤེལ་བར་མཚོན་ཡོད་ལ།  བདེ་ཆེན་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་ཆོས་ལུགས་མི་སྣར་སྒྲུབ་པའི་དོན་བཟང་ཞིག་ཡིན་པ་དང་།  ཆོས་ལུགས་མི་སྣར་ཉེན་བཅོལ་རྣམ་གྲངས་སྤེལ་བ་ནི་ཁོ་ཚོའི་བདེ་འཇགས་དང་ལུས་པོ་བདེ་ཐང་ལ་ཞབས་ཞུ་སྒྲུབ་ནས།  ཆོས་ལུགས་མི་སྣའི་སྤྱི་ཚོགས་འགན་སྲུང་གི་ཆུ་ཚད་མཐོར་འདེགས་སུ་གཏོང་བ་དང་།  ཕུལ་དུ་བྱུང་བའི་ཆོས་ལུགས་རིག་གནས་ཀྱི་བསམ་བློ་ཡང་དག་དར་སྤེལ་བྱས་ཏེ།  ཆོས་ལུགས་ཁྲོད་ཀྱི་འཆམ་མཐུན་བསམ་བློ་རྒྱུན་འཛིན་དང་སྔོག་འདོན་བྱེད་པ་སོགས་རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱི་དགེ་བ་སྒྲུབ་པར་མཛུབ་ཁྲིད་བྱས་ནས།  བོད་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་འགྲོ་བར་སྟོབས་ཤུགས་ཕུལ་དགོས་པར་བསྟན། 

མཛད་སྒོར་སྟེང་།  ཝང་ཐེན་ཞིས་བདེ་ཆེན་ཁུལ་སྲིད་གཞུང་གི་ཚབ་བྱས་ནས་ཀྲུང་གོའི་མི་སྲོག་ཉེན་བཅོལ་མ་རྐང་ཚད་ཡོད་ཀུང་ཟི་བདེ་ཆེན་ཁུལ་ཡན་ལག་ཀུང་ཟིའི་འགན་ཁུར་མི་སྣ་དང་མཉམ་དུ《བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཆོས་ལུགས་མི་སྣའི་བསམ་ཡུལ་ལས་འདས་པའི་དོན་རྐྱེན་ཉེན་བཅོལ་གན་རྒྱ》བཞག   །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག