མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱི་དུད་ཁྱིམའབོར་ཐེངས་དང་པོ་ཁུལ་རིམ་པའི་འགན་སྲུང་སྡོད་ཁང་དུ་སྤོ་བ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-11-06 10:50

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ10པའི་ཚེས29ཉིན་གྱི་སྔ་དྲོར། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་རིམ་པའི་འགན་སྲུང་སྡོད་ཁང་གི་དུད་ཁྱིམ་འབོར་ཐེངས་དང་པོ་ཁང་པ་གསར་པར་སྤོ་བའི་རྒྱན་རྒྱག་པའི་མཛད་སྒོ་སྤེལ། འབོར་ཐེངས་དང་པོར་སྙན་ཞུ་འབུལ་ཞིང་ཞིབ་དཔྱད་ཁས་བླངས་པའི་སྡོད་མི106གིས་ཡུལ་དངོས་ནས་རྒྱན་རྒྱག་པར་ལྟ་བ་དང་། སྤྱི་ཟླ11པའི་ཚེས4ཉིན་གྱི་སྔོན་དུ། དུད་ཁྱིམ་དེ་དག་ཁུལ་རིམ་པའི་འགན་སྲུང་སྡོད་ཁང་གི་ཞབས་ཞུ་ཚོམས་ཆེན་དུ་སྡེ་ལས་དོ་དམ་ཀུང་སི་དང་མཉམ་དུ་ཁང་པ་གསར་པར་སྤོ་བའི་འགྲོ་ལུགས་སྒྲུབ་ནས་སྡོད་ཁང་གཏན་འཁེལ་བྱེད་དགོས།

ཁུལ་རིམ་པའི་འགན་སྲུང་སྡོད་ཁང་གི་དུས་སྐབས་དང་པོ་ནི2011ལོའི་ཟླ9པར་འཛུགས་སྐྲུན་བྱེད་འགོ་ཚུགས་པ། ད་ལོའི་ཟླ10པའི་ཚེས22ཉིན་སྐྲུན་ཚར་བའི་ཁང་པ820ལ་བདེ་བླག་ངང་སྤྱི་ཡོངས་ཀྱིས་ཞིབ་བཤེར་རྩིས་ལེན་དུ་ཁས་བླངས་ཐོབ་པ། འབྲེལ་ཡོད་ལས་ཀ་ཡག་པོ་སྒྲུབ་པའི་ཆེད་དུ་ཟླ5པའི་ཚེས15ཉིན་ནས་བཟུང་འབོར་ཐེངས་དང་པོའི་སྡོད་མིས་མིང་ཐོ་འགོད་པ། ཟླ2ཀྱི་ནང་དུ་ཁྱོམ་བསྡོམས་མི133གྱིས་མིང་ཐོ་འགོད་པ། ཞིབ་དཔྱད་ནན་པོ་བྱས་པ་བརྒྱུད་ནས་ཆ་རྐྱེན་དང་མཐུན་པའི་མི125ཡོད་དེ་སྤྱི་ཚོགས་ཐོག་ཡོངས་བསྒྲགས་བྱས་པ། དེའི་ནང་དུ་མི19ཡིས་ཕྱིར་འཐེན་པ་དང་མི106རྒྱན་རྒྱག་པར་ཞུགས་ཡོད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག