མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

འབའ་ལུང་རྫོང་གིས་མ་དངུལ་གཏོང་བའི་ཁོར་ཡུག་ཇེ་ལེགས་སུ་བཏང་ནས་རྐང་འཛིན་ཐོན་ལས་གསོ་སྤེལ་བྱས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-11-06 10:50

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། དུས་ཚིགས་སྔོན་མ་གསུམ་གྱི་ནང་དུ། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འབའ་ལུང་རྫོང་གིས་ཚོང་འགུག་དངུལ་འདྲེན་ཐད་དངོས་གཞིའི་བླངས་པའི་མ་དངུལ་སྒོར་ཁྲི303686ལ་སླེབས་པ་དང་། དུས་མཉམ་ལས་228.8%འཕར་སྣོན་བྱུང་ཞིང་། ལོ་ཡོངས་ཀྱི་དམིགས་འབེན་འོས་འགན་གྱི76%ལེགས་འགྲུབ་བྱུང་བ་མ་ཟད། ལོ་རྒྱུས་ཀྱི་ཟིན་ཐོ་བཀོད་པ་རེད།

ཉེ་བའི་ལོ་འགའི་རིང་ལ། འབའ་ལུང་རྫོང་ཨུ་དང་། རྫོང་སྲིད་གཞུང་གིས་ཀུན་སྤྱོད་འཛུགས་སྐྲུན་ལོ་དང་། རྣམ་གྲངས་འཛུགས་སྐྲུན་ལོའི་བྱེད་སྒོ་དམ་འཛིན་བྱས་ནས། ཧུར་ཐག་གིས་བྱ་སྤྱོད་བསྒྱུར་བ་དང་། ཏན་ཏག་གིས་རྣམ་གྲངས་ཁག་གི་ཚོང་འགུག་དངུལ་འདྲེན་གྱི་སྲིད་ཇུས་དོན་འཁྱོལ་གཏོང་བར་དམ་འཛིན་བྱས་ཏེ། རྫོང་གཞན་པའི་ཁེ་ལས་འབའ་ལུང་དུ་ཚུར་འདྲེན་བྱས་ནས། སྐྱེ་དངོས་གསར་སྤེལ་དང་། ཆུ་ནུས། ཡུལ་སྐོར། གཏེར་ཁའི་ཐོན་ཁུངས་སོགས་འབའ་ལུང་ནས་གཞིས་ཆགས་པར་བྱས་པ་དང་། སྐྱེ་དངོས་གསོ་སྐྱོང་དང་། ཆུ་གློག ཡུལ་སྐོར། གཏེར་ཁའི་ཐོན་ཁུངས་སོགས་རྐང་འཛིན་ཐོན་ལས་ལ་སྐྱེ་སྟོབས་དང་གསོན་ཤུགས་བསྣན་སྟེ། རྫོང་གི་དཔལ་འབྱོར་མཆོང་བསྐྱོད་འཕེལ་རྒྱས་བྱུང་བར་སྐུལ་འདེད་བཏང་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན། རྫོང་གཞན་པའི་མ་དངུལ་དང་། ལག་རྩལ། ཤེས་ལྡན་མི་སྣ་སོགས་གཙོ་བོ་ཆུ་ནུས་གསར་སྤེལ་དང་། སྐྱེ་དངོས། ཡུལ་སྐོར། གཏེར་ཁའི་ཐོན་ལས་སོགས་ཐོན་ཁུངས་ཕྱོགས་ཀྱི་བཀོལ་སྤྱོད་བྱེད་རྒྱུ་ཡིན་པ་དང་། འབའ་ལུང་རྫོང་གི་ཐོན་ཁུངས་ལ་དགེ་མཚན་ལྡན་པ་དང་། མགྱོ གས་མྱུར་གྱིས་དཔལ་འབྱོར་ཕན་ཁེ་ལྡན་པའི་ཕྱོགས་སུ་བསྒྱུར་བར་བྱས་ནས། རྫོང་གི་དཔལ་འབྱོར་མཆོང་བསྐྱོད་འཕེལ་རྒྱས་བྱུང་བར་སྐུལ་འདེད་བཏང་བ་དང་། མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མུ་མཐུད་ནས་ཇེ་མཐོར་ཡོང་བར་སྐུལ་ཁྲིད་བྱས་ཡོད་པ་རེད།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག