མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

འབའ་ལུང་རྫོང་གིས་སྐོར་གསུམ་པའི་ཞིང་ཆེན་རིམ་པའི་གཟུགས་འདུས་རིག་དངོས་རྣམ་གྲངས་ཐོ་འགོད་བྱེད་པར་ལེགས་འགྲུབ་བྱུང་བ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-11-06 10:49

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  གསར་འགོད་པས་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འབའ་ལུང་རྫོང་རིག་རྩལ་རྒྱང་སྒྲོག་བརྙན་འཕྲིན་དང་གནས་སྐོར་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། 2013ལོའི་འབའ་ལུང་རྫོང་གི་སྐོར་གསུམ་པའི་ཞིང་ཆེན་རིམ་པའི་གཟུགས་འདུས་རིག་དངོས་རྣམ་གྲངས་ཐོ་འགོད་བྱེད་པའི་བྱ་བ་གྲུབ་འབྲས་ཐོབ།

 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཟུགས་འདུས་རིག་དངོས་བཅའ་ཁྲིམས》དང《ཡུན་ནན་ཞིང་ཆེན་གཟུགས་འདུས་རིག་དངོས་སྲུང་སྐྱོང་སྲོལ་ཡིག》ནང་གི་འབྲེལ་ཡོད་གཏན་འཁེལ་ལག་ལེན་མཐར་ཕྱིན་བྱས་ཏེ།  ཡུན་ནན་ཞིང་ཆེན་གྱི་གཟུགས་འདུས་རིག་དངོས་སྲུང་སྐྱོང་ཐད་ཤུགས་སྣོན་བྱེད་ཆེད།  ཡུན་ནན་ཞིང་ཆེན་རིག་གནས་ཐིན་གྱིས2013ལོའི་ཟླ2བའི་ཚེས27ཉིན་ནས་ཟླ10བའི་ཚེས14ཉིན་བར་སྐོར་གསུམ་པའི་ཞིང་ཆེན་རིམ་པའི་གཟུགས་འདུས་རིག་དངོས་མིང་ཐོ་ཡར་ཞུ་དང་ཞིབ་དཔྱད་བྱ་བ་སྤེལ་བ་དང་། ཞིང་ཆེན་གཟུགས་འདུས་རིག་དངོས་སྲུང་སྐྱོང་ཆེད་མཁས་ཞིབ་དཔྱད་ཨུ་ཡོན་ལྷན་ཁང་གི་ཞིབ་དཔྱད་དང་གཏན་འབེབས་བྱས་པ་བརྒྱུད།  འབའ་ལུང་རྫོང་གི་འཇང་རིགས་དམངས་གླུ་དང་ལི་སུའུ་རིགས་ཀྱི་སྲོལ་རྒྱུན་གྱོན་གོས་ལག་ཤེས་བཟོ་རྩལ།  འབའ་ལུང་རྫོང་པའོ་ཧུ་གྲོང་རྡལ་གྱི་ཟློས་གར་སོགས་རྣམ་གྲངས་སྐོར་གསུམ་པའི་ཞིང་ཆེན་རིམ་པའི་གཟུགས་འདུས་རིག་དངོས་ནང་ཚུད་པར་ཡར་ཞུ་བྱས་པ་དང་ཡུན་ནན་ཞིང་ཆེན་གཟུགས་འདུས་རིག་དངོས་དྲ་ཚིགས་སུ་ཁྱབ་བསྒྲགས་བྱས་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག