མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

ཏིང་ཧྲའོ་ཞང་གིས་བདེ་ཆེན་དུ་བརྟག་ཞིབ་བྱེད་དུས་ས་ཐང་དང་སེམས་ཀྱི་ཉི་ཟླའི་བར་གྱི་ལྕགས་ལམ་དང་མྱུར་བགྲོད་གཞུང་ལམ་གྱི་ལས་ཀ་ཇེ་མགྱོགས་སུ་གཏོང་དགོས་པར་བསྟན་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-11-06 10:48


ཡུན་ནན་ཞིང་ཆེན་སྲིད་གཞུང་གི་འགོ་འཛིན་གཞོན་པ་ཏིང་ཧྲའོ་ཞང་དང་བཅས་པ་སྟག་མཆོང་གྲོག་རོང་ལས་ཡུལ་དངོས་སུ་ས་ཐང་དང་སེམས་ཀྱི་ཉི་ཟླའི་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་འབྲི་ཆུ་ལས་བརྒལ་བའི་ཟམ་ཆེན་གྱི་འཛུགས་ཡུལ་འདེམས་ས་དང་ཇུས་འགོད་དཔེ་རིས་ལ་ལྟ་ཞིབ་བྱེད་བཞིན་པ།(ཧྲི་ཞན་ཡའོ་ཡིས་པར་བླངས།)

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ10ཚེས་29ཉིན་ནས་ཚེས་30ཉིན་བར།ཏིང་ཧྲའོ་ཞང་གིས་བདེ་ཆེན་དུ་བརྟག་ཞིབ་བྱེད་དུས་བསྟན་དོན།འབྲེལ་ཡོད་སྡེ་ཁག་གིས་དུས་ཚོད་དམ་འཛིན་བྱས་ནས།ཁྲིམས་སྲོལ་ལྟར་ས་ཐང་དང་སེམས་ཀྱི་ཉི་ཟླའི་བར་གྱི་ལྕགས་ལམ་དང་མྱུར་བགྲོད་གཞུང་ལམ་གྱི་ལས་ཀ་ཁག་ལ་སྐུལ་སྤེལ་མགྱོ གས་སུ་གཏོང་དགོས་པ་དང་།ལྕགས་ལམ་དེ་ལོ་ནང་དུ་ལས་འགོ་ཚུགས་གང་ཐུབ་བྱེད་དགོས་ཤིང་།མྱུར་བགྲོད་གཞུང་ལམ་དེ་སང་ལོར་ཁྱོན་ཡོངས་ནས་ལས་འགོ་ཚུགས་དགོས།

བརྟག་ཞིབ་བྱེད་དུས།ཏིང་ཧྲའོ་ཞང་གིས་འཛུགས་བཞིན་པའི་སེམས་ཀྱི་ཉི་ཟླ་དང་འཇོལ་བར་གྱི་རིམ་པ་གཉིས་པའི་གཞུང་ལམ་དང་།འཇོལ་དང་འབའ་ལུང་(མཐའ་ཆུ)བར་གྱི་རིམ་པ་གཉིས་པའི་གཞུང་ལམ་གྱི་བསྐྱར་བཟོའི་ལས་གྲྭ།སེམས་ཀྱི་ཉི་ཟླའི་ཉི་ཤར་ནས་འབའ་ལུང་མཐའ་ཆུའི་བར་གྱི་རིམ་པ་གཉིས་པའི་གཞུང་ལམ་གྱི་འབྲེལ་མཐུད་ལམ་ཐིག་གི་ལས་ཡུལ་འདེམས་ས་དང་།ས་ཐང་དང་སེམས་ཀྱི་ཉི་ཟླའི་བར་གྱི་ལྕགས་ལམ་དང་མྱུར་བགྲོད་གཞུང་ལམ་གྱི་འབྲི་ཆུ་ལས་བརྒལ་བའི་ཟམ་ཆེན་གྱི་འཛུགས་ཡུལ་འདེམས་ས་སོགས་ཀྱི་ལས་ཡུལ་དངོས་སུ་བརྟག་ཞིབ་བྱས་པ་རེད།པད་མ་གངས་རིའི་ཕུག་ལམ་འཛུགས་སྐྲུན་ལས་ཡུལ་དངོས་སུ།ལས་གྲྭ་དེ་བདེ་བླག་ངང་སྨི་3400བཟོ་ཚར་ཞིང་།ད་དུང་སྨི་1800ལུས་ཡོད་དེ་2015ལོར་ཁྱོན་ཡོངས་ནས་ལས་གྲྭ་དེ་ཡོངས་རྫོགས་བྱ་ཐུབ་པའི་གནས་ཚུལ་ཤེས་རྗེས།ཏིང་ཧྲའོ་ཞང་གིས་ལས་གཞིའི་འགན་འཁུར་བ་ལ་མུ་མཐུད་དུ་འབད་བརྩོན་བྱས་ནས།ཇེ་མགྱོགས་ཀྱིས་ཕུག་ལམ་དེ་ཡོངས་སུ་བཟོས་ཏེ།གཞུང་ལམ་ཡོངས་བདེ་བླག་ངང་ཤར་གཏོང་ཐུབ་པ་ཡོང་བར་བྱས་རྗེས་འཇོག་དགོས་པའི་སྐུལ་མ་བཏང་བ་རེད།

ས་ཐང་དང་སེམས་ཀྱི་ཉི་ཟླའི་བར་གྱི་ལྕགས་ལམ་དང་མྱུར་བགྲོད་གཞུང་ལམ་གྱི་འབྲི་ཆུ་ལས་བརྒལ་བའི་ཟམ་ཆེན་གྱི་འཛུགས་ཡུལ་ལ་ལྟ་ཞིབ་བྱེད་པ་དང་། ལས་གཞིའི་ཇུས་འགོད་སྡེ་ཁག་དང་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བས་ལས་གཞིའི་འཕེལ་རྒྱས་གནས་ཚུལ་གྱི་སྙན་ཞུ་ཉན་རྗེས། ཚེས་30ཉིན་གྱི་མཚན་མོར། ཏིང་ཧྲའོ་ཞང་གིས་བདེ་ཆེན་ཁུལ་གྱི་དཔལ་འབྱོར་གསར་སྤེལ་ཆུས་སུ་གཙོ་སྐྱོང་བྱས་ནས་བརྟག་ཞིབ་ལས་ཀའི་བཞུགས་མོལ་ཚོགས་འཚོགས་པ་རེད།

ཏིང་ཧྲའོ་ཞང་གིས་བསྟན་དོན།ས་ཐང་དང་སེམས་ཀྱི་ཉི་ཟླའི་བར་གྱི་ལྕགས་ལམ་ནི་བོད་ལ་བསྐྱོད་པའི་གལ་ཆེའི་ལམ་བུ་ཞིག་ཡིན་ཞིང་རང་ཞིང་ཆེན་གྱིས་ལྕགས་ལམ་དྲ་བའི་འཛུགས་སྐྲུན་བྱེད་མགྱོ གས་སུ་གཏོང་བའི་གལ་ཆེའི་ལས་གཞི་ཞིག་ཡིན་པ་མ་ཟད།རང་ཞིང་ཆེན་བོད་ཁུལ་མི་རིགས་ཁག་གི་མང་ཚོགས་ཀྱིས་སྔོན་ཚུད་ནས་རེ་སྒུག་བྱེད་པའི་“བདེ་སྐྱིད་ཀྱི་ལམ་བུ”ཞིག་ཡིན་ལ།རང་ཞིང་ཆེན་བོད་ཁུལ་གྱི་མཆོང་སྐྱོད་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་སྤེལ་ཏན་ཏིག་གཏོང་བའི་རྨང་གཞིའི་རང་བཞིན་གྱི་ལས་གྲྭ་ཞིག་ཀྱང་ཡིན།སྐབས་སོ་སོའི་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་འབད་བརྩོན་འོག  མིག་སྔར་ལས་གཞིའི་དུས་འགོའི་ལས་ཀ་ཁག་བདེ་བླག་ངང་སྒྲུབ་བཞིན་ཡོད་ཅིང་།ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཁག་དང་ལས་གཞིའི་འགན་འཁུར་སྡེ་ཁག     ཁུལ་དང་གྲོང་ཁྱེར་ཁག་གཉིས་བཅས་ཀྱིས་ད་ལོའི་མཐའ་མའི་ཟླ་བ་གཉིས་ཀྱི་དུས་ཚོད་དེ་དམ་འཛིན་བྱས་ནས།མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་བ་དང་ལས་གཞིའི་གོང་གི་ཆོག་མཆན་ཞུ་བའི་ལས་ཀ་ཁག་སྒྲུབ་མགྱོགས་སུ་བཏང་སྟེ།ལོ་ནང་དུ་ལས་འགོ་ཚུགས་ཐུབ་པ་ཡོང་བར་འབད་བརྩོན་བྱེད་དགོས།

ས་ཐང་དང་སེམས་ཀྱི་ཉི་ཟླའི་བར་གྱི་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་ལས་ཀར་ཞིབ་འཇུག་བྱེད་དུས།ཏིང་ཧྲའོ་ཞང་གིས་བསྟན་དོན།ཞིང་ཆེན་རིམ་པའི་སྡེ་ཁག་སོ་སོ་ནས་ལས་གཞི་དེ་རྒྱལ་ཁབ་ཀྱི་བོད་ཁུལ་གྱི་“ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་དང་རྒྱལ་ཁབ་ཀྱི་མྱུར་བགྲོད་གཞུང་ལམ་དྲ་བར་ཚུད་པ་དང་།ཞིང་ཆེན་ཡོངས་ཀྱི་ལོ་ངོ་གསུམ་གྱི་གཞུང་ལམ་མཁྲེགས་གཏོར་འཆར་གཞིར་ཚུད་པའི་གོ་སྐབས་དམ་འཛིན་བྱས་ནས།ལས་གཞིའི་འཛུགས་སྐྲུན་གྱི་དུས་འགོའི་ལས་ཀ་ཁག་སྒྲུབ་མགྱོགས་སུ་བཏང་སྟེ།སང་ལོར་ལས་གཞི་དེའི་ལམ་ཐིག་ཡོངས་སུ་ལས་འགོ་ཚུགས་པར་འབད་བརྩོན་བྱེད་དགོས།

ཞིང་ཆེན་སྲིད་གཞུང་གི་དྲུང་ཆེན་གཞོན་པ་ལི་ཧྲི་སྲུང་དང་ཞིང་ཆེན་འཕེལ་སྒྱུར་ཨུའི་ཀྲུའུ་རེན་གཞོན་པ།ཞིང་ཆེན་ལྕགས་ལམ་འཛུགས་སྐྲུན་གཞུང་ལས་ཁང་གི་ཀྲུའུ་རེན་ལི་ཝུན་པིང་།ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ཐིང་ཁྲང་གཞོན་པ་དབྱང་ཡན་རིང་།ཞིང་ཆེན་གཞུང་ལམ་ཅུས་ཀྱི་ཅུས་ཀྲང་ལི་ཡུན་ཧྥང་སོགས་འགོ་ཁྲིད་དང་།རང་ཁུལ་གྱི་འགོ་ཁྲིད་ཧོང་ཀྲེང་ཧུང་དང་ཀྲང་ཀྲི་ཅུན།ས་ཐང་གྲོང་ཁྱེར་གྱི་འགོ་འཛིན་གཞོན་པ་ཀྲང་རིང་པིང་སོགས་བཞུགས་མོལ་ཚོགས་འདུར་ཞུགས་ཤིང་ས་ཐང་དང་སེམས་ཀྱི་ཉི་ཟླའི་བར་གྱི་ལྕགས་ལམ་དང་།ས་ཐང་དང་སེམས་ཀྱི་ཉི་ཟླའི་བར་གྱི་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་ལས་ཀའི་སྐོར་གྱི་གྲོས་མོལ་བྱེད་དུས་གསུང་བཤད་གནང་བ་རེད།   །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག