མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱིས《བཟོ་ལས་ཀྱི་མཆོང་སྐྱོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གཏན་འབེབས》བཏོན་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-11-06 10:48

  ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། མིག་སྔར།ཀྲུང་གུང་བདེ་ཆེན་ཁུལ་ཨུ་དང་བདེ་ཆེན་ཁུལ་མི་དམངས་སྲིད་གཞུང་གིས་《བཟོ་ལས་ཀྱི་མཆོང་སྐྱོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གཏན་འབེབས》བཏོན་པ་རེད།《གཏན་འབེབས》བཏོན་པར་བརྟེན་ནས།མ་འོངས་པའི་ལོ་ངོ་ལྔའི་ནང་དུ་བཟོ་ལས་དཔལ་འབྱོར་གྱི་སྤྱིའི་ཐོན་ཚད་རིན་ཐང་དེ་ལོ་རེར་ཆ་སྙོམས་25%ཡན་འཕར་ཐུབ་རྒྱུ་ཡིན་ཞིང་།གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་ཁེ་ལས་དུད་ཚང་50གསོ་སྐྱོང་བྱེད་རྒྱུ་ཡིན་པ་དང་།ཞིང་ཆེན་རིམ་པ་ཡན་གྱི་ཁེ་ལས་ཀྱི་ལག་རྩལ་ལྟེ་གནས་2 གསར་དུ་སྣོན་རྒྱུ་རེད། སྡེ་ཚན་གྱི་GDPཡི་ནུས་འཛད་དེ་ལོ་རེར་ཆ་སྙོམས་1.8%མར་ཆག་ཐུབ་རྒྱུ་རེད།བཟོ་ལས་ཀྱི་གྲུབ་ཆ་དེ་སྔར་ལས་ལྷག་པར་ལེགས་སུ་གཏོང་རྒྱུ་དང་བཟོ་ལས་དཔལ་འབྱོར་གྱི་སྤུས་ཚད་དང་ཕན་ནུས་མངོན་གསལ་གྱིས་མཐོ་རུ་གཏོང་ཐུབ་པས།བདེ་ཆེན་འདི་ཉིད་ཞིང་ཆེན་ཡོངས་ལས་མིང་གྲགས་ལྡན་པའི་ཟངས་གཏེར་བཟོ་ལས་ཀྱི་རྟེན་གཞི་དང་མཐོ་སྒང་གི་ཁྱད་ལྡན་སྐྱེ་དངོས་ཀྱི་རྟེན་གཞིར་བསྐྲུན་ཏེ།བདེ་ཆེན་གྱི་རྣམ་པ་གསར་པའི་བཟོ་ལས་ཅན་གྱི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་ཞིག་འཇོག་རྒྱུ་རེད།

《གཏན་འབེབས》ཐོག་རྩ་འཛུགས་དང་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་དང་བྱ་དགའི་ལམ་ལུགས་འཛུགས་པ།དཔྱད་ཞིབ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ།གནས་བབ་བཟང་པོ་གཏོད་རྒྱུ་སོགས་ཀྱི་འགན་སྲུང་བྱ་ཐབས་གསལ་འབེབས་བྱས་ཡོད།རབ་དང་རིམ་པའི་བྱ་ཐབས་ཀྱིས་རང་ཁུལ་གྱིས་མ་དངུལ་དང་བཟོ་ལས་ཀྱི་རྣམ་གྲངས་འཛུགས་སྐྲུན་གྱི་ས་ཞིང་བེད་སྤྱོད་སོགས་རྒྱུན་རྐྱེན་གཙོ་བོའི་འགན་སྲུང་ཐད་བཟོ་ལས་ཀྱི་འཕེལ་རྒྱས་ལ“ལྗང་མདོག་གི་ལམ་བུ”ཞིག་གཏོད་རྒྱུ་ཡིན་པར་མཚོན་ཡོད།དེའི་ནང་དུ།མ་དངུལ་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བའི་བྱ་ཐབས་ནང་ལ་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་བཟོ་ལས་ཀྱི་འཕེལ་རྒྱས་དང་ལྡུམ་ཁུལ་གྱི་འཛུགས་སྐྲུན།སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་གྱི་འཕེལ་རྒྱས།ནུས་ཁོངས་བསྲི་ཚགས་སོགས་ཐད་ལ་ཁ་གསབ་དང་བྱ་དགའ་སྤྲོད་པའི་སྲིད་ཇུས་དང་།ཁྲལ་དངུལ་གྱི་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་ཏན་ཏིག་བྱ་རྒྱུའི་བླང་བྱ་གསལ་པོ་བཏོན་ཡོད།གོང་རིམ་གྱིས་བདེ་ཆེན་གྱི་རྣམ་པ་གསར་པའི་བཟོ་ལས་ཅན་ལ་མ་དངུལ་གཏོང་བར་བརྩོན་ལེན་བྱེད་པའི་ལྷན་དུ།2014ལོ་ནས་བཟུང་།ཁུལ་རིམ་པའི་ནོར་སྲིད་ཀྱིས་རྣམ་པ་གསར་པའི་བཟོ་ལས་ཅན་གྱི་འཕེལ་རྒྱས་ཀྱི་ཆེད་སྤྱོད་མ་དངུལ་སྒོར་ཁྲི་1000བཀོད་སྒྲིག་བྱས་ཡོད།དེ་གཙོ་བོ་ནི་ལྡུམ་ཁུལ་འཛུགས་སྐྲུན་དང་ཁེ་ལས་ཀྱི་ལག་རྩལ་ལེགས་བཅོས།ནུས་ཁུངས་བསྲི་ཚགས་དང་བཙོག་འབུད་ཉུང་གཏོང་།འཁོར་སྐྱོད་དཔལ་འབྱོར་འཕེལ་རྒྱས་གཏོང་བ།ལས་གཞི་གཙོ་བོའི་འཛུགས་སྐྲུན།ཤེས་ལྡན་མི་སྣའི་གསོ་སྐྱོང་།བྱ་དགའི་ལམ་ལུགས་འཕེལ་རྒྱས་གཏོང་བ་སོགས་ཐད་ལ་སྤྱོད་རྒྱུ་རེད།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག