མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སེམས་ཀྱི་ཉི་ཟླ་རྫོང་ཞིང་ལས་ཚན་རྩལ་ཅུས་ཀྱིས་ས་འགུལ་གྱི་གནོད་ཐེབས་སར་སྟོན་ཁའི་ས་བོན་བསྐྱལ་བ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-11-06 10:48

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་ཞིང་ལས་ཚན་རྩལ་ཅུས་ཀྱིས་ཞོག་ཁོག་གི་ས་བོན་དང་ཞིང་སྤྱོད་དངོས་རྫས་སེམས་ཀྱི་ཉི་ཟླ་རྫོང་གི་ས་འགུལ་གྱི་གནོད་སྐྱོན་ཐེབས་པའི་ཞིང་པའི་ལག་ཏུ་བསྐྱལ་ཏེ། ས་འགུལ་གྱི་གནོད་སྐྱོན་ཐེབས་ཁུལ་གྱི་སླར་གསོ་བསྐྱར་སྐྲུན་དང་སྟོན་འདེབས་ལ་ཁག་ཐེག་བྱས་པ།

ཉི་ཤར་ཤང་དང་གཏེར་མ་རོང་ཤང་། ལྔ་ཤོག་ཤང་། སྐད་ཚགས་ཤང་གི་ས་འགུལ་གྱི་གནོད་སྐྱོན་ཐེབས་པའི་མང་ཚོགས་ཀྱིས་ཐོན་སྐྱེད་རོགས་སྐྱོབ་ལ་རོགས་རམ་བྱེད་པའི་ཆེད། སེམས་ཀྱི་ཉི་ཟླ་རྫོང་ཞིང་ལས་ཚན་རྩལ་ཅུས་ཀྱིས་ཞིབ་འཇུག་བྱས་ནས་བསམ་དོན། ཤང་4དང་གྲོང་རྡལ1ལ་ཞོག་ཁོག་དང་ནས་བཙུགས་ནས། གནོད་ཐེབས་ཀྱི་གོད་ཀར་ཁ་གསབ་བྱེད་ཐུབ་པས། ཕྱོགས་མང་ནས་དངོས་ཟོག་དང་མ་དངུལ་གྲབས་གསོག་བྱས་ཏེ། རྫོང་ཞིང་ལས་ཚན་རྩལ་ཅུས་ཀྱི་འབྲེལ་ཡོད་མི་སྣས་ས་ཐང་ཡུས་ལུང་རྫོང་ཞིན་མིའོ་ཀུང་སིར་ལི་ཧྲུའུ་ཨང་རྟགས6ཉོ་བ་དང་། ཁུལ་ཞིང་ལས་ཚན་རྩལ་སུའོ་རུ་ནས་དང་ཞོག་ཁོག་གི་ས་བོན་ཉོ་སྒྲུབ་བྱས་པ་རེད།

མིག་སྔར། ལི་ཧྲུའུ་ཨང་རྟགས6ཏུན180དང་རྒྱལ་ཐང་དམར་པོའི་ས་བོན་ཏུན30 འགྱིག་ཤོག་ཏུན5 ནས་ཀྱི་ས་བོན་ལེགས་པོ་ཏུན7 ཨར་འདམ་ཏུན80ཚང་མ་དམིགས་སར་འབྱོར་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག