མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱིས《བཟོ་ལས་ཐོལ་བརྒལ་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་ཆོད་དོན》འགྲེམ་སྤེལ་བྱས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-11-01 10:27

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཉེ་ལམ།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས《ཀྲུང་གུང་བདེ་ཆེན་ཁུལ་ཏང་ཨུ་དང་བདེ་ཆེན་ཁུལ་མི་དམངས་སྲིད་གཞུང་གིས་བཟོ་ལས་ཐོལ་བརྒལ་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་ཆོད་དོན》འགྲེམ་སྤེལ་བྱས། 《ཆོད་དོན》ལས་མ་འོངས་པའི་ལོ5རིང་།  བདེ་ཆེན་ཁུལ་ཡོངས་ཀྱི་བཟོ་ལས་དཔལ་འབྱོར་གྱི་སྤྱིའི་ཐོན་ཚད་ལོ་རེར་ཆ་སྙོམས་སུ25%ཡར་འཕར་དགོས་པ་དང་།  བཟོ་ལས་ར་བའི་དཔལ་འབྱོར་དམིགས་ཚད་ལོ་རེར་ཆ་སྙོམས་སུ30%ལ་ཟིན་པ།  གཞི་ཁྱོན་ཅུང་ཆེ་བའི་ཁེ་ལས50ལྷག་གསོ་སྐྱོང་བྱེད་རྒྱུ་ཡིན་པ་དང་།  ཞིང་ཆེན་རིམ་པའི་ཁེ་ལས་ལག་རྩལ་ལྟེ་གནས2ཁ་སྣོན་བྱེད་རྒྱུ་ཡིན་པ་སོགས་བཟོ་ལས་སྒྲིག་གཞི་སྔར་ལས་ལེགས་བཅོས་ཐོབ་ངེས་པ་དང་།  བཟོ་ལས་སྤུས་ཚད་དང་ཕན་འབྲས་མངོན་གསལ་གྱི་ཇེ་མཐོ་རུ་བཏང་སྟེ།  བདེ་ཆེན་ཁུལ་ནི་ཞིང་ཆེན་ཡོངས་ཀྱི་ཟངས་རིགས་བཟོ་ལས་རྟེན་གཞི་གཙོ་གནད་དང་ཆུ་གློག་རྟེན་གཞི་གཙོ་གནད།  རྣོ་ལྕགས་ཐོན་ཁུངས་རྟེན་གཞི་དང་མཐོ་སྒང་གི་ཁྱད་ལྡན་སྐྱེ་དངོས་ཐོན་ལས་ལས་སྣོན་རྟེན་གཞི་རུ་འཛུགས་སྐྲུན་བྱེད་པར་རྨང་གཞི་ལེགས་པོ་འདིང་རྒྱུ་ཡིན་པར་བསྟན།  །  

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག