མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

འབའ་ལུང་རྫོང་གིས་ཁྲིམས་ལུགས་ཤེས་བྱའི་གསོ་སྦྱོང་འཛིན་གྲྭ་བསྡུས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-11-01 10:25

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཉེ་ལམ།  ཡུན་ནན་ཞིང་ཆན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འབའ་ལུང་རྫོང་གིས“ཁྲིམས་ལྟར་རྫོང་བདག་སྐྱོང་བྱེད་པ”བརྗོད་དོན་ཡིན་པའི་ཁྲིམས་ལུགས་ཤེས་བྱའི་གསོ་སྦྱོང་འཛིན་གྲྭ་འབའ་ལུང་རྫོང་དུ་བསྡུས།

  གསོ་སྦྱོང་ལས་ཁྲིམས་ལུགས་ཤེས་བྱའི་མི་སྣ་སློབ་ཁྲིད་བྱེད་པ་དང་ཆིན་ཧྭ་སློབ་ཆེན་དང་།  རྒྱལ་ཁབ་སྲིད་འཛིན་སློབ་གླིང་གི་དགེ་རྒན་ཆེན་མོ5ཡི་སྒྲ་བླངས་ཡོད་པའི་ཁྲིམས་ལུགས་འཆད་ཁྲིད་བརྒྱུད་སྒྲོག་བྱེབ་རྒྱུ་རེད།  ནང་དོན་ལ་ཁྲིམས་སྐྱོང་གི་རྒྱབ་ལྗོངས་འོག་སྤྱི་ཚོགས་བདེ་འཇགས་ཀྱི་བསམ་བློ་དང་དེ་དང་འཚམ་པའི་ཐབས་ཇུས།  ཁྲིམས་ལྟར་སྲིད་སྐྱོང་བའི་གཞུང་ལུགས་དང་ལག་ལེན།  སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་དང་སྤྱི་ཚོགས་དོ་དམ་གསར་སྐྲུན།  འགལ་ཟླ་ཞིབ་བཤེར་དང་ཞི་འཇགས་སུ་གཏོང་བ།  མི་དམངས་བར་འདུན་བཅའ་ཁྲིམས་དང་ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས།  ནགས་ཚལ་ཁྲིམས་ལུགས་སོགས་འདུས།

 རྒྱུས་ལོན་པ་ལྟར་ན།  ཐེངས་འདིའི་གསོ་སྦྱོང་དུས་ཡུན་ཟླ3རིང་ལ་བསྡུ་རྒྱུ་ཡིན་ལ།  རྫོང་རིམ་པའི་ལས་ཁུངས་ཀྱི་འགོ་ཁྲིད་ལས་བྱེད་པ་དང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི།  ཧྲུའུ་ཅི་གཞོན་པ།  སྡེ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དང་ཀྲུའུ་རིན་གཞོན་པ།  སློབ་གྲྭ་ཆེན་མོ་བའི་སྡེ་དཔོན་དང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི།  སྲིད་ཁྲིམས་མ་ལག་དང་ཤང་གི་འགོ་ཁྲིད་ལས་བྱེད་པ།  གཞི་རིམ་གྱི་ལས་བྱེད་པ་དང་ལས་བཟོ་བ་བསྡོམས་པས་མི2636གསོ་སྦྱོང་ལ་ཞུགས།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག