མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་རྫོང་གིས་དགོན་སྡེ་སོ་སོ་རུ་དཔེ་ཁང་འཛུགས་སྐྲུན་བྱས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-11-01 10:17

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། རྒྱལ་ཁབ་དང་ཡུན་ནན་ཞིང་ཆེན།  བདེ་ཆེན་ཁུལ་གསར་འགྱུར་པར་སྐྲུན་སྡེ་ཁག་གིས་རྒྱབ་སྐྱོར་ཆེན་པོ་བྱས་འོག  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བདེ་ཆེན་རྫོང་ཁོངས་ཀྱི་དགོན་སྡེ16ཏུ་དགོན་སྡེའི་དཔེ་ཁང་འཛུགས་སྐྲུན་བྱས་པ་དང་།  རིན་ཐང་སྒོར་ཁྲི316620ཡི་དཔེ་ཆ་དང་དཔེ་སྒམ།  དཔེ་ཆ་ཀློག་སའི་སྒྲོག་ཙེ་དང་རྐུབ་སྟེགས་བཅས་བཀོད་སྒྲིག་བྱས་ཡོད།

 རྒྱུས་ལོན་པ་ལྟར་ན།  དཔེ་ཁང་ནང་བཀོད་སྒྲིག་བྱས་ཡོད་པའི་དཔེ་ཆའི་ནང་དོན་ཕུན་སུམ་ཚོགས་པ་ཡིན་ལ། དེའི་ནང་ཆབ་སྲིད་དཔལ་འབྱོར་དང་རིག་གནས།  འཚོ་བ་སོགས་སྣ་ཁ་མང་པོ་འདུས་པ་མ་ཟད།  ད་དུང་བོད་ཡིག་དང་རྒྱ་ཡིག་གི་དཔེ་ཆ་དང་ཆོས་དཔེ་སོགས་འདུས།

 དགོན་སྡེའི་དཔེ་ཁང་འཛུགས་སྐྲུན་བྱས་པ་ལས་བདེ་ཆེན་རྫོང་གི་དགོན་སྡེ་སོ་སོ་རུ་གཞུང་སྤྱོད་ཀྱི་དཔེ་ཆ་མེད་པའི་ལོ་རྒྱུས་མཇུག་རྫོགས་པ་དང་།  ཚད་མཐོན་པོའི་སྒོ་ནས་གྲྭ་བཙུན་ཚོའི་སློབ་སྦྱོང་གི་ཁོར་ཡུག་ལེགས་བཅོས་བྱས་པ་དང་།  ཁོ་ཚོའི་རྒྱལ་གཅེས་ཀྱི་འདུ་ཤེས་མཐོར་འདེགས་སུ་སོང་ཡོད་པས།  མི་རིགས་མཐུན་སྒྲིལ་དང་འཆམ་མཐུན་དགོན་སྡེ་འཛུགས་སྐྲུན་བྱེད་པར་རྨང་གཞི་བརྟན་པོ་བཏིངས།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག