མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

འབའ་ལུང་རྫོང་གིས་ཡེ་ཤུའེ་ཆོས་ལུགས་ལ་དད་པའི་བུད་མེད་གསོ་སྦྱོང་བྱས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-10-31 10:31

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འབའ་ལུང་རྫོང་གི2013ལོའི་ཡེ་ཤུའེ་ཆོས་ལུགས་ལ་དད་པའི་བུད་མེད་ཀྱི་གསོ་སྦྱོང་འཛིན་གྲྭ་རྫོང་འདིའི་ཡེ་ཤུའེ་ཆོས་ལུགས་ལྟེ་གནས་སུ་སྤེལ། དུས་ཡུན་ཉིན12རིང་གི་གསོ་སྦྱོང་ལས་རྫོང་ཡོངས་ཀྱི་ཡེ་ཤུའེ་ཆོས་ཁང74ཡི་ཡེ་ཤུའེ་ཆོས་ལུགས་ལ་དད་པའི་བུད་མེད89གསོ་སྦྱོང་ལ་ཞུགས་རྒྱུ་རེད།

རྒྱུས་ལོན་པ་ལྟར་ན།  གསོ་སྦྱོང་ནང་དོན་ལ་གཙོ་བོ་ཆོས་ལུགས་རིག་གནས་ཡིན་ལ།  གཞན་ད་དུང་ཡེ་ཤུའེ་ཆོས་ལུགས་ལ་དད་པའི་བུད་མེད་ཕྱི་ལ་འགྲོ་བའི་གོ་སྐབས་ཉུང་བ་དང་རིག་གནས་བྱང་ཚད་ཅུང་དམའ་བའི་གནས་བབ་ལ་དམིགས་ཏེ།  འབའ་ལུང་རྫོང་མི་རིགས་ཆོས་ལུགས་ལས་དོན་ཅུའུ་ཡིས་རྫོང་ཏང་ཨུའི་ཏང་གི་སློབ་གྲྭ་དང་རྫོང་འཕྲོད་བསྟེན་ཅུའུ།  རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས།  རྫོང་སྤྱི་བདེ་ཅུའུ་རྒྱལ་སྲུང་རུ་ཁག་སོགས་འབྲེལ་ཡོད་མི་སྣ་གདན་ཞུ་བྱས་ནས་ཁོ་ཚོར་ཏང་གི་འཐུས་མི་ཚོགས་ཆེན་ཐེངས18པ་དང་། ལོགས་ཆོས་ལ་ངོ་རྒོལ་བྱེད་པ།  ཚད་ལྡན་གྱི་ཁྱིམ་བདག་ཅིག་ཇི་ལྟར་བྱེད་དགོས་པ་སོགས་ནས་ཆེད་དོན་སློབ་ཁྲིད་བྱས།

གསོ་སྦྱོང་བྱས་པ་བརྒྱུད། ཁོ་ཚོའི་སྲིད་ཇུས་ཁྲིམས་ལུགས་ཀྱི་འདུ་ཤེས་དང་ལོགས་ཆོས་ལ་ངོ་རྒོལ་བྱེད་པའི་ནུས་པ་མཐོར་འདེགས་བྱུང་།  ། 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག