མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

འདས་ཟིན་པའི་དུས་ཚིགས་གསུམ་ནང་བདེ་ཆེན་ཁུལ་གྱིས་གནས་སྐོར་བ་མི་ཐེངས་ཁྲི1014.28སྣེ་ལེན་བྱས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-10-31 10:29

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་གནས་སྐོར་ཐོན་ལས་འཕེལ་རྒྱས་ལ་ཚད་མཐོ་མཐོན་པོས་མཐོང་ཆེན་བྱས་ཤིང་།  ཐོག་མཐའ་བར་གསུམ་དུ་སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། གནས་སྐོར་ཐོན་ལས་ནི་ཐོན་ལས་གཙོ་བོ་དང་གཙོ་གནད་དཔལ་འབྱོར་ལ་དམིགས་ཏེ་གསོ་སྤེལ་བྱས་པའི་རྨང་གཞིའི་སྟེང་།  ཐོན་ཁུངས་དང་མ་དངུལ་ཧྲག་བསྡུ་བྱེད་པ་དང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། དྲིལ་བསྒྲགས་ཉོ་ཚོང་ཕྱོགས་ནས་ཤུགས་སྣོན་པ་བརྒྱུད།  བདེ་ཆེན་ཁུལ་གྱི་གནས་སྐོར་ཐོན་ལས་ལ་འཕེལ་རྒྱས་ཆེན་པོ་བྱུང་།  འདས་ཟིན་པའི་དུས་ཚིགས་གསུམ་གྱི་ནང་།  ཁུལ་ཡོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བ་མི་ཐེངས་ཁྲི1014.28སྣེ་ལེན་བྱས་པ་དང་། དུས་མཉམ་ལས27.12%ཡར་འཕར།  དེའི་ནང་ཕྱི་རྒྱལ་ཀྱི་གནས་སྐོར་བ་མི་ཐེངས་ཁྲི109.12སྣེ་ལེན་བྱས་པ་དང་།  ལོ་སྔོན་མ་དང་བསྡུར་ན་དུས་མཉམ་ལས21%ཡར་འཕར།  ཁུལ་ཡོངས་ཀྱི་གནས་སྐོར་ལས་རིགས་ཐད་སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར99.29ལེགས་འགྲུབ་བྱུང་ཞིང་།  དུས་མཉམ་ལས30.58%ཡར་འཕར་བ་དང་།  ཕྱི་རྒྱལ་དངུལ་བརྗེས་ཀྱི་ཡོང་སྒོ་ཨ་སྒོར་དུང་ཕྱུར5.53ལ་ཟིན་པ་དང་དུས་མཉམ་ལས29.12%ཡར་འཕར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག