མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱི་སྐབས་གསུམ་པའི“གླུ་གར་གསར་བའི”འགྲེམ་སྟོན་ཚེས29ཉིན་སྤེལ་འགོ་བརྩམས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-10-30 11:31

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ10བའི་ཚེས29ཉིན་གྱི་ཕྱི་དྲོར། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་སྐབས་གསུམ་པའི“གླུ་གར་གསར་བའི”འགྲེམ་སྟོན་བདེ་ཆེན་ཁུལ་རིག་གནས་བཤམས་སྟོན་ལྟེ་གནས་ཟློས་གར་གླིང་དུ་གཟབ་རྒྱས་ངང་སྤེལ།  བདེ་ཆེན་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧུའུ་ལི་ཕིན་གླུ་གར་འཁྲབ་སྟོན་བྱ་འགུལ་སྤེལ་འགོ་བརྩམས་པའི་མཛད་སྒོར་ཞུགས།  ཤེས་གསལ་བྱུང་བ་ལྟར་ན།  ཐེངས་འདིའི“གླུ་གར་གསར་བའི”འགྲེམ་སྟོན་ལས་ཞབས་བྲོ་དང་མགྲིན་དབྱངས་བཅས་ལེ་ཚན་གཉིས་བགར་ཡོད་ལ། ཚེས29ཉིན་ཞབས་བྲོ་འགྲན་བསྡུར་སྤེལ་རྒྱུ་ཡིན་པ་དང་།  ཁུལ་ཡོངས་ཀྱི་འགྲན་ཞུགས་རུ་ཁག11དང་འཁྲབ་སྟོན་པ203གླུ་གར་འགྲེམ་སྟོན་སྟེང་ཞུགས་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག