མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

འབའ་ལུང་རྫོང་སློབ་གསོ་སྡེ་ཁག་གིས་སློབ་ཚན་ཁྲིད་སྟོན་མི་སྣ48གདན་ཞུ་བྱས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-10-30 11:15

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ10བའི་ཚེས25ཉིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འབའ་ལུང་རྫོང་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་གི་སྐབས་དང་པོའི་སློབ་ཚན་སྣེ་ཁྲིད་པ་གདན་ཞུ་ལས་བསྐོས་མཛད་སྒོ་ན་གཞོན་བྱ་འགུལ་ལྟེ་གནས་སུ་སྤེལ།

འབའ་ལུང་རྫོང་ལ་བསྡོམས་པས་དགེ་རྒན་མི་སྟོང་1400ཡོད་དེ། དགེ་རྒན་དཔུང་ཁག་འཛུགས་སྐྲུན་སྔར་ལས་ཤུགས་སྣོན་པ་དང་། དགེ་རྒན་གྱི་ཕྱོགས་བསྡུས་སྤུས་ལེགས་དང་སློབ་གསོའི་སློབ་ཁྲིད་སྤུས་ཀ་མཐོར་འདེགས་སུ་གཏོང་བ་དང་། སློབ་གསོའི་སློབ་ཁྲིད་བྱ་བར་སྐུལ་འདེད་གཏོང་ཆེད། རྫོང་སློབ་གསོ་ཅུའུ་ཡིས་སློབ་གསོའི་སློབ་ཁྲིད་གཞི་རྩའི་ནུས་རྩལ་ལ་བྱང་ཆ་ཡོད་པ་དང་། སློབ་གསོའི་ཉམས་མྱོང་ཕུན་སུམ་ཚོགས་པ། སློབ་ཁྲིད་གྲུབ་འབྲས་མངོན་གསལ་ཡིན་པ། སློབ་གསོའི་སློབ་ཁྲིད་བྱ་བའི་ཁྲོད་དུ་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་པའི་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་གི་དགེ་རྒན་ལ་འབའ་ལུང་རྫོང་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་གི་སློབ་ཚན་སྣེ་ཁྲིད་པའི་གཏན་འཁེལ་བྱས་ཤིང་། ལས་བསྐོས་དུས་ཡུན་ལོ་གསུམ་ཡིན་ལ། ལོ་གཅིག་ལ་དཔྱད་ཞིབ་ཐེངས་གཅིག་བྱས་ཏེ། དཔྱད་ཞིབ་ཚད་ལྡན་ཡིན་པ་ལ་ལོ་རེར་སྒོར་སྟོང་3000གི་ཕོགས་སྣོན་སྟེར་རྒྱུ་རེད།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག