མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

ས་ཁུལ་བཞི་ཡིས“ཀྲུང་གོའི་སེམས་ཀྱི་ཉི་ཟླའི་སྐྱེ་ཁམས་གནས་སྐོར་ཁུལ”གྱི་མཉམ་ལས་གན་རྒྱ་བཞག་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-10-28 10:56

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  སྐབས་བདུན་པའི་ཁམས་པའི་རིག་གནས་གནས་སྐོར་དུས་ཆེན་གྱི་གནས་སྐོར་འཕེལ་རྒྱས་བགྲོ་གླེང་སྟེང་།  བོད་ལྗོངས་ཆབ་མདོ་དང་སི་ཁྲོན་དཀར་མཛེས།  ཡུན་ནན་བདེ་ཆེན།  མཚོ་སྔོན་ཡུས་ཧྲུའུ་བཅས་ཀྱིས“ཀྲུང་གོའི་སེམས་ཀྱི་ཉི་ཟླའི་སྐྱེ་ཁམས་གནས་སྐོར་ཁུལ”གྱི་ཐབས་ཇུས་མཉམ་ལས་ཀྱི་གན་རྒྱ་བཞག

 ཤེས་གསལ་བྱུང་བ་ལྟར་ན།  གོང་གི་ས་ཁུལ་དང་རང་སྐྱོང་ཁུལ་བཞི་ཡིས“ཀྲུང་གོའི་སེམས་ཀྱི་ཉི་ཟླའི་སྐྱེ་ཁམས་གནས་སྐོར་ཁུལ”འཛུགས་སྐྲུན་བྱེད་རྒྱུ་ཡིན་པའི་མཉམ་སྦྱོར་ལམ་ལུགས་བཙུགས་པ་ནི་སྒྱུ་རྩལ་དུས་ཆེན་སྤེལ་ཡུལ་གནས་སྐོར་ཅུའུ་ཡིས་སྣེ་ཁྲིད་ནས“ཀྲུང་གོའི་སེམས་ཀྱི་ཉི་ཟླའི་སྐྱེ་ཁམས་གནས་སྐོར་ཁུལ”འཕེལ་རྒྱས་མཐུན་སྦྱོར་གྲོས་ཚོགས་བསྡུས་ཤིང་།  མཉམ་གཅིག་ཏུ“ཀྲུང་གོའི་སེམས་ཀྱི་ཉི་ཟླའི་སྐྱེ་ཁམས་གནས་སྐོར་ཁུལ”འཕེལ་རྒྱས་བྱེད་པའི་འབྲེལ་ཡོད་དོན་ཚན་དང་གནད་དོན་ཞིབ་འཇུག་གྲོས་མོལ་བྱས་ཏེ་ཐག་གཅོག་བྱེད་རྒྱུ་ཡིན་ལ།  མཉམ་གཅིག་ཏུ་རྒྱལ་ཁབ་མངའ་ཁོངས་སུ་ཀྲུང་གོའི་སེམས་ཀྱི་ཉི་ཟླའི་སྐྱེ་ཁམས་གནས་སྐོར་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་གནས་སྐོར་ཐོན་ཁུངས་ཕྱོགས་བསྡུས་གསར་སྤེལ་བརྩོན་ལེན་བྱེད་པ་བཅས་རྒྱལ་སྤྱིའི་ཆུ་ཚད་ལྡན་པའི་ཁོར་ཡུག་སྲུང་སྐྱོང་དང་གནས་སྐོར་ལྗོངས་རྒྱུ།  ཚན་རིག་རྟོག་ཞིབ།  ཉེན་བརྟག་མྱུལ་དཔྱད།  ལོ་རྒྱུས་རིག་གནས་སོགས་ཞིག་གཅིག་ཏུ་གྲུབ་པའི་རྒྱལ་ཁབ་རིམ་པའི་གནས་སྐོར་ཁུལ་འཛུགས་སྐྲུན་བྱེད་རྒྱུ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག