མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སྟག་མཆོང་གྲོག་རོང་གྲོང་རྡལ་གྱིས“དཔལ་ཡོན་ཁྲིད་སྟེགས”དུད་ཁྱིམ་མང་པོར་བསྐྱལ་བ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-10-28 10:55

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  སྤྱི་ཟླ10བའི་ཚེས21ཉིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་གི《ཀུན་སྤྱོད་ཁྲིད་སྟེགས》སམ་སྟག་མཆོང་གྲོག་རོང་གྲོང་རྡལ་གྱི《དཔལ་ཡོན་ཁྲིད་སྟེགས》དུད་ཁྱིམ་ཁྲི་ཕྲག་ཏུ་སྒྲོག་འགྲེལ་བྱེད་པའི་བྱ་འགུལ་སྟག་མཆོང་གྲོག་རོང་གྲོང་རྡལ་དུ་སྤེལ།

སེམས་ཀྱི་ཉི་ཟླ་རྫོང་ཏང་ཨུའི་དྲིལ་བསྒྲགས་པུའུ་ཡི་འགན་ཁུར་མི་སྣས《ཀུན་སྤྱོད་ཁྲིད་སྟེགས》སྒྲོག་འབྲེལ་དང་བསམ་པའི་ཀུན་སྤྱོད་སློབ་གསོ་ལ་ཤུགས་སྣོན་པ།  ཞིང་སྡེའི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བར་དགེ་མཚན་མང་པོ་ལྡན་པ་མཚམས་སྦྱོར་བྱས།  སེམས་ཀྱི་ཉི་ཟླ་རྫོང་ཏང་ཨུའི་ཏང་གི་སློབ་གྲྭའི་དགེ་རྒན་ཚོས་སྤྱི་ཚོགས་ཀུན་སྤྱོད་དང་ཁྱིམ་ཚང་གི་ཀུན་སྤྱོད་ཡག་པོ།  མི་སྒེར་དང་སྤྱི་ཚོགས་ཀྱི་འབྲེལ་བ་དང་།  ཁྱིམ་མཚེས་བར་གྱི་འབྲེལ་བ།  ཁྱིམ་ཚང་ནང་ཁུལ་གྱི་འབྲེལ་བ་སོགས་ཇི་ལྟར་ཐག་གཅོད་བྱེད་པ་འགྲེལ་བཤད་བྱས།  ཚང་མས་དུས་ད་ལྟ་ནས་བཟུང་།  རང་ཉིད་ནས་འགོ་བརྩམས་ཏེ་དཔལ་ཡོན་ལག་པོ་གསོ་སྐྱོང་བྱས་པ་བརྒྱུད།  སྤྱི་ཚོགས་འཆམ་མཐུན་འཛུགས་སྐྲུན་བྱེད་པར་ནུས་ཤུགས་གང་ལེགས་འདོན་དགོས་པའི་བླང་བྱ་བཏོན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག