མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སེམས་ཀྱི་ཉི་ཟླ་རྫོང་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-10-26 11:13

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  སྤྱི་ཟླ་6པའི་ཚུན་ལ།སེམས་ཀྱི་ཉི་ཟླ་རྫོང་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་དབང་པོ་སྐྱོན་ཅན་ལ་རབ་དང་རིམ་པའི་རོགས་སྐྱོར་བྱས་པ་རེད།

ལིང་གྲིབ་ཕོག་པའི་ནད་པས་སླར་ཡང་མཐོང་ཐུབ་པའི་ཆེད་དུ།སེམས་ཀྱི་ཉི་ཟླ་རྫོང་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་འོད་གསལ་ལས་དོན་ཞེས་པའི་བྱེད་སྒོ་སྤེལ་བ་དང་། ནད་པ་རྣམས་ལ་སྨན་ཡོན་མི་དགོས་པའི་སྨན་བཅོས་བྱས་པ་རེད།ཧུར་ཐག་གིས་སེམས་ཀྱི་ཉི་ཟླ་རྫོང་འཕྲོད་བསྟེན་ཅུས་དང་མཉམ་འབྲེལ་བྱས་ཏེ། གྲོང་རྡལ་གྱི་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་འཛིན་འགོ་གཙོ་དང་ཆེད་བསྐོས་འགན་འཁུར་པ་བསྐོང་འཐེན་བྱས་རྗེས་བརྟག་དཔྱད་ཚན་ཆུང་བཙུགས་ནས།ཕྱོགས་ཡོངས་སུ་བརྟག་དཔྱད་བྱས་པ་རེད། དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་བྱེད་སྒོ་དེ་དྲིལ་བསྒྲགས་ལེགས་པར་བྱེད་པའི་ཆེད་དུ། སེམས་ཀྱི་ཉི་ཟླ་རྫོང་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཏང་ཡོན་ལས་བྱེད་པ་དང་།འབྲེལ་ཡོད་ལས་ཁུངས་ཀྱི་མི་སྣ་རྩ་འཛུགས་བྱས་ཏེ།མང་ཚོགས་ལ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབང་པོ་སྐྱོན་ཅན་གྱི་འགན་སྲུང་བཅའ་ཁྲིམས》དང་འབྲེལ་བའི་དཔྱད་ཡིག་400བཏང་ཞིང་།ལས་ཡུལ་དངོས་སུ་དབང་པོ་སྐྱོན་ཅན་ལ་རྐུབ་སྟེགས་འཁོར་ལོ་ཅན་དང་འཁར་རྒྱུག་བཅས་ཕུལ་བ།ལོང་བའི་འཕུར་མཉེད་ལྟེ་གནས་ཀྱིས་མང་ཚོགས་ལ་སྨན་ཡོན་མི་དགོས་པའི་འཕུར་མཉེད་བྱས་ཡོད་ལ། དེ་དང་མཉམ་དུ་བདེ་ཆེན་ཁུལ་གླུ་གར་ཚོགས་པ་གདན་འདྲེན་བྱས་ནས་ཕུན་སུམ་ཚོགས་པའི་རིག་རྩལ་འཁྲབ་སྟོན་བྱས་པ་རེད།

ལས་སྒོའི་གསོ་སྦྱོང་གི་ཕྱོགས་ལ་བཤད་ན།རྫོང་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཉི་ཤར་ཤང་དང་སྟག་མཆོང་གྲོང་རོང་ལ་གསོ་སྦྱོང་ཐེངས་གཉིས་བཏང་བ་རེད།ལས་ཡུལ་དངོས་སུ་བྱེད་སྒོའི་འགན་འཁུར་པས་ལོ་ཏོག་གི་འདེབས་འཛུགས་ལག་རྩལ་དཔེ་སྟོན་ཞིབ་ཕྲ་བྱས་པ་དང་། དབང་པོ་སྐྱོན་ཅན་ལ་རང་སྟོབས་རང་སྤེལ་བྱེད་དགོས་པའི་སྐུལ་སློང་བྱས་པ་རེད།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག