མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སེམས་ཀྱི་ཉི་ཟླ་རྫོང་བཟོ་ཚོགས་ཀྱི་ཐེངས་དགུ་པའི་གྲོས་ཚོགས་འཚོགས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-10-25 10:30

  ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། 2013ལོར་སྤྱི་ཟླ10པའི་ཚེས15ནས་16ཉིན་བར། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་བཟོ་ཚོགས་ཀྱི་གྲོས་ཚོགས་ཐེངས་དགུ་པ་འཚོགས་པ་རེད།གྲོས་ཚོགས་དེ་རྫོང་མི་དམངས་དྲག་དཔང་པུའུ་ཡི་ཚོགས་ཁང་དུ་འཚོགས་པ།འབྲེལ་ཡོད་སྡེ་ཁག་གི་འགོ་ཁྲིད་རྣམས་གྲོས་ཚོགས་སུ་བཞུགས་པ་རེད།

གྲོས་ཚོགས་སུ་སྔར་སོང་གི་ལོ་ལྔའི་ལས་ཀ་ཕྱོགས་བསྡོམས་བྱས་པ་དང་།མ་འོངས་ལོ་ལྔའི་ལས་ཀའི་དམིགས་ཡུལ་གཏན་འབེབ་བྱས་པ་རེད།སེམས་ཀྱི་ཉི་ཟླ་རྫོང་བཟོ་ཚོགས་ཀྱི་གྲོས་ཚོགས་ཐེངས་དགུ་པའི་ཨུ་ཡོན་ལྷན་ཁང་དང་གྲོན་དངུལ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་འདེམས་བསྐོ་བྱས་པ་རེད།གྲོས་ཚོགས་སུ་སེམས་ཀྱི་ཉི་ཟླ་རྫོང་བཟོ་ཚོགས་ཀྱི་གྲོས་ཚོགས་ཐེངས་དགུ་པའི་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་གསར་པ་བདམས་ཐོན་བྱུང་བ།བདམས་ཐོན་བྱུང་བའི་འགོ་ཁྲིད་སོ་སོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཀའོ་དབྱི་ཧྥེ་དང་།རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཧོ་ཞུའེ་ཡན།ཀྲུའུ་ཞི་གཞོན་པ་ལི་ཏུང་མེ།ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་པ་མི་དྲུག་བཅས་རེད།

གྲོས་ཚོགས་ཐོག་རྫོང་ཡོངས་ཀྱི་ལས་བྱེད་མི་སྣ་ཐམས་ཅད་ལ་མཐུན་སྒྲིལ་དང་སྐུལ་སློང་བྱས་ནས་མུ་མཐུད་དུ་བསམ་བློ་བཅིངས་འགྲོལ་དང་བསྒྱུར་བཅོས་སྒོ་འབྱེད་རྒྱུན་འཁྱོངས་བྱེད་དགོས་པ་དང་།སྤྱི་ཚོགས་མཐུན་སྦྱོར་འཛོགས་སྤེལ་བྱས་ནས་སྔར་ལས་ལྷག་པར་སེམས་ཀྱི་ཉི་ཟླ་རྫོང་གི་བཟོ་ཚོགས་ལས་དོན་གོང་དུ་སྤེལ་ཏེ།སྟོབས་འབྱོར་ལྡན་པའི་སེམས་ཀྱི་ཉི་ཟླ་འཛུགས་སྤེལ་བྱེད་པར་བྱས་རྗེས་གསར་པ་འབུལ་དགོས་པའི་འབོད་སྐུལ་བྱས་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག