མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

ཁམས་པའི་སྒྱུ་རྩལ་དུས་ཆེན་སྟེང་བདེ་ཆེན་ཁུལ་གྱི་ཁྱད་ལྡན་ཐོན་རྫས་ལ་དགའ་བསུ་ཐོབ་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-10-25 10:30


ལྟད་མོ་བས་བདེ་ཆེན་ཁུལ་གྱི་ཐོན་རྫས་འགྲེམ་སྤེལ་བྱེད་ས་རུ་ཐོན་རྫས་བདམངས་བཞིན་པ།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྐབས་བདུན་པའི་ཡུན་ནན་དང་བོད་ལྗོངས། སི་ཁྲོན།  མཚོ་སྔོན་དང་ཁྱིམ་མཚེས་ཡིན་པའི་ཆབ་མདོ་ཁམས་པའི་རིག་གནས་གནས་སྐོར་སྒྱུ་རྩལ་དུས་ཆེན་སྟེང་།  ཚོང་ཟོག་བཀྲམ་ཁུལ་ནི་མང་ཚོགས་དང་གནས་སྐོར་བས་ཡིད་དབང་འགུག་སའི་གནས་ཞིག་ཏུ་གྱུར་ཡོད་ལ། བདེ་ཆེན་ཁུལ་གྱིས་འགྲེམ་སྤེལ་བྱས་པའི་ཁྱད་ལྡན་ཐོན་རྫས་ལ་ས་དེའི་མང་ཚོགས་ཀྱི་དགའ་བསུ་ཐོབ།

 ཚེས19ཉིན།  ཆབ་མདོ་རྫ་ཆུའི་ཐང་ཆེན་དུ།  སེམས་ཀྱི་ཉི་ཟླ་རྫོང་མི་རིགས་ཉོ་ཚོང་ཚད་ཡོད་ཀུང་ཟིའི་བཀྲམ་ཁུལ་དུ་མི་ཚོགས་ཀྱིས་ཁེངས་འདུག་པ་དང་།  གསར་འགོད་པས་བཀྲམ་ཁུལ་ལས་བྱུ་རི་སྐེ་རྒྱན་དང་ས་དེའི་དངུལ་གྱི་རྒྱན་ཆ་སྣ་ཚོགས་བཀྲམ་ཡོད་པ་མཐོང་།  ཚོང་ཟོག་འགྲེམ་ཚོང་བྱེད་པའི་འགན་ཁུར་བས་བཤད་པ་ལྟར་ན།  ང་ཚོའི་ཚོང་ཟོག་ལ་དགའ་བསུ་ཆེན་པོ་ཐོབ་ཀྱིན་ཡོད་ལ། དེ་རིང་སྔ་དྲོར་ཚོང་ཟོག་མང་པོ་ཕྱི་ཚོང་བྱས་ཟིན།  བདེ་ཆེན་ཁུལ་གྱི་ཁྱད་ལྡན་ཞིང་ལས་ཐོན་རྫས་དང་ཁྱད་ལྡན་ཚོང་ཟོག  གནས་སྐོར་རྗེས་དྲན་ཐོན་རྫས་སོགས་ལ་འཛད་སྤྱོད་པས་དགའ་བསུ་ཐོབ་པ་དང་།  ཚེས20ཉིན་བར། བདེ་ཆེན་ཁུལ་ཚོང་ཟོག་བཀྲམ་ཁུལ་གྱི་ཚོང་ཟོག་ཚང་མ་ཕྱི་ཚོང་བྱས་ཚར་བ་རེད།

  རྒྱུས་ལོན་པ་ལྟར་ན།  ཐེངས་འདིའི་ཉོ་ཚོང་འགྲེམ་ཚོང་སྟེང་ཆབ་མདོ་དང་བདེ་ཆེན། མཚོ་སྔོན་སོགས་ཁུལ་དང་ས་གནས་ཀྱི་ཁྱད་ལྡན་ཐོན་རྫས་དང་མི་རིགས་གྱོན་ཆས།  མི་རིགས་ལག་ཤེས་ཐོན་རྫས།  བོད་སྨན།  བརྡ་འཕྲིན་ལག་ཆ་སོགས་ཐོན་རྫས་ཆེན་པོ5དང་།  ཉོ་ཚོང་འགྲེམ་ཚོང་བྱེད་པའི་ཐོན་རྫས་སྣ་ཁ115འདུས།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག