མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་སྡོད་ཁང་འཛུགས་སྐྲུན་ཅུའུ་ཡིས་གནོད་ཕྱིའི་བསྐྱར་སྐྲུན་གྱི་བྱ་བ་བཀོད་སྒྲིག་བྱས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།    2013-10-25 10:30

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  སྤྱི་ཟླ10བའི་ཚེས21ཉིན་གྱི་སྔ་དྲོར།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཅུའུ་ཡིས“8·28”དང“8·31”གནོད་ཕྱིའི་བསྐྱར་སྐྲུན་གྱི་བྱ་བའི་བཀོད་སྒྲིག་ཚོགས་འདུ་བསྡུས་ཤིང་། ཚོགས་འདུ་ལས་གནོད་འཚེ་རྗེས་ཀྱི་དམངས་སྡོད་ཁང་པ་བསྐྱར་སྐྲུན་བྱེད་པའི་སྤུས་ཚད་དང་བདེ་འཇགས་ལ་ཁེག་ཐག་བྱས་ཏེ།  བསྐྱར་སྐྲུན་བྱས་པའི་ཁང་བའི་སྤུས་ཀ་ཚད་གཞི་དང་མཐུན་དགོས་པའི་བླང་བྱ་བཏོན། 

 ཚོགས་འདུའི་སྟེང་ཡུན་ནན་ཞིང་ཆེན་སྲིད་གཞུང་གིས་བདེ་ཆེན་ཁུལ་གྱི“8·28”དང“8·31”ས་འགུལ་རྗེས་ཀྱི་གནོད་ཕྱིའི་བསྐྱར་སྐྲུན་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དང་བདེ་ཆེན་ཁུལ་སྲིད་གཞུང་གིས་བསྡུས་པའི་རྒྱུན་ལས་གྲོས་ཚོགས་ཐེངས14བའི་དགོངས་དོན་རྒྱུད་སྒྲོག་བྱས་པ་དང་། སྡོད་ཁང་འཛུགས་སྐྲུན་ལས་ཁུངས་ཀྱི་གནོད་ཕྱིའི་བསྐྱར་སྐྲུན་བྱ་བར་བཀོད་སྒྲིག་བྱས།

ཚོགས་འདུ་ལས་སྔར་ལས་ལྷག་པར་བྱ་བའི་སྒྲུབ་ཕྱོགས་དང་དམིགས་འབེན་ལས་འགན་གཏན་འཁེལ་བྱས་པ་མ་ཟད། “8·28”དང“8·31”ས་འགུལ་རྗེས་ཀྱི་གནོད་ཕྱིའི་བསྐྱར་སྐྲུན་བྱ་བའི་འགོ་ཁྲིད་ཚན་ཆུང་བཙུགས་ནས།  དུད་ཁྱིམ3340ཡི་དམངས་སྡོད་ཁང་པའི་བསྐྱར་སྐྲུན་དང་དུད་ཁྱིམ12039ཡི་སྡོད་ཁང་སླར་གསོ་བྱེད་པའི་ལས་འགན་ཁུར་ཡོད་ལ།  གནོད་ཕྱིའི་བསྐྱར་སྐྲུན་འགོ་ཁྲིད་ཚན་ཆུང་ལས་ད་དུང་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་བཙུགས་པ་དང་།  《བདེ་ཆེན་ཁུལ་གྱི“8·28”དང “8·31”ས་འགུལ་རྗེས་ཀྱི་དམངས་སྡོད་ཁང་པ་བསྐྱར་སྐྲུན་བྱེད་པའི་ལག་རྩལ་མཛུབ་སྟོན་རྩ་གནད》ཞིབ་འཇུག་དང་གཏན་འབེབས་བྱས་པས།  དམངས་སྡོད་ཁང་པ་བསྐྱར་སྐྲུན་བྱེད་པར་ལག་རྩལ་ཕྱོགས་ཀྱི་མཐུན་རྐྱེན་སྐྲུན།  །   

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག