མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བཀའ་བསྟན་འགྱུར་བོད་འགྱུར་ཆད་གསབ་ལས་གཞིའི་ཚོགས་འདུ་བསྡུས་པ།

རྩོམ་པ་པོ། རྩོམ་པ་པོ། ལྷ་མོ་ཚེ་སྐྱིད།  ཡོང་ཁུངས། མཚོ་སྔོན་པོ་དྲ་བ།  2013-10-25 10:03

                    བཀའ་བསྟན་འགྱུར་བོད་འགྱུར་ཆད་གསབ་ལས་གཞིའི་ཚོགས་འདུ་བསྡུས་པ།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། བཀའ་བསྟན་འགྱུར་བོད་འགྱུར་ཆད་གསབ་ལས་གཞིའི་ཚོགས་འདུ་དེ་ཡུན་ནན་ཕུའུ་ཨར་གྲོང་ཁྱེར་དུ་བསྡུས་ཤིང་། ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་འགོ་གཙོ་གཞོན་པའམ་ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་རིག་ཨུ་ཡོན་ལྷན་ཚོགས་ཀྱི་འགོ་གཙོ་བསྟན་འཛིན་དང་། བྱམས་བོད་ཡིག་གནའ་དཔེ་ཞིབ་འཇུག་ཁང་གི་སྤྱི་ཁྱབ་ཇུས་འགོད་པའམ་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྐྱོབ་དང་དར་སྤེལ་མཐུན་ཚོགས་ཀྱི་འགན་འཛིན། ཨ་རིའི་བོད་བརྒྱུད་ནང་བསྟན་ཐོན་ཁུངས་ལྟེ་གནས་དབུ་འཛིན་ལྷན་ཁང་གི་ཚོགས་མི། ཝེ་ཅི་ཉི་ཡ་སློབ་ཆེན་གྱི་ཆེད་གདན་ཞིབ་འཇུག་པ་སྤྲུལ་སྐུ་ཐུབ་བསྟན་ཉི་མ། དེ་མིན་ཨ་རི་དང་། སང་གཱ་ཕོར། པེ་ཅིང་། སི་ཁྲོན། ཅང་ཞི། ཀན་སུའུ། མཚོ་སྔོན། བོད་ལྗོངས། ཞང་ཀང་། ཐེ་ཝེན། ཡུན་ནན་ཞིང་ཆེན་གྱི་བླ་ཆེན་དང་ཆེད་མཁས་པ། ཤེས་ཡོན་པ་སོགས་མི40ལྷག་ཐེངས་འདིའི་གྲོས་ཚོགས་སུ་ཞུགས།

རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་གྲོས་ཚོགས་ཀྱི་འོས་འགན་གཙོ་བོ་ནི་འཚོལ་སྡུད་བྱས་ཟིན་པའི་བཀའ་བསྟན་འགྱུར100ལྷག་ལ་རིམ་པ་དང་པོའི་བོད་ཡིག་ཏུ་བསྒྱུར་བ་དང་། དུས་སྐབས་སྔོན་མའི་ཡིག་སྒྱུར་བྱ་བར་སྤྱི་བསྡོམས་མཛད་ལ། མིག་སྔར་ཡིག་སྒྱུར་གྱི་གྲས་སུ་ཚུད་པའི་ཆོས་དཔེ100ཡས་མས་དང་ཐོག་མའི་ཡིག་བསྒྱུར་བྱས་ཟིན་པའི་ཆོས་དཔེ20ལྷག་ལ་ནན་གྱིས་དཔྱད་འཇོག་བྱས། བོད་རྒྱའི་ཆེད་མཁས་པ་རྣམས་ཀྱིས་བོད་རྒྱའི་ཐ་སྙད་སྒྱུར་སྟངས་དང་ཚན་རྩལ་གྱི་བྱ་ཐབས་སྤྱད་དེ་ཡིག་སྒྱུར་བྱེད་པའི་ཐད་གསལ་འགྲེལ་དང་འཆད་ཁྲིད་གནང་ཞིང་། དེ་མིན་སྐབས་རྗེས་མའི་ཡིག་སྒྱུར་བྱ་བར་བཀོད་སྒྲིག་དང་དགོངས་ཚུལ་བཏོན་པ་རེད།

ཐེངས་འདིའི་གྲོས་ཚོགས་ལས་ལོ་ཙཱ་བ་རྣམས་ཀྱིས་སྒྱུར་ཐབས་སོགས་ཀྱི་གནད་དོན་ཐད་ནས་ཀོ་བསྐོན་གསེད་འགྲོལ་དང་། བོད་བརྒྱུད་ནང་བསྟན་རིག་གནས་ཀྱི་རིག་གཞུང་ཞིབ་འཇུག་དང་ཆད་གསབ་སྲུང་སྐྱོབ་བྱ་བ་སྤེལ་བ་དང་། ནང་བསྟན་རིག་གནས་དང་བོད་ཀྱི་སྲོལ་རྒྱུན་རིག་གནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དངོས་ཡོད་ཀྱི་དོན་སྙིང་དང་རིག་གཞུང་རིན་ཐང་ཆེས་ཆེར་ལྡན་ཞིང་། འདི་ནི་ནང་ཆོས་སྒྱུར་བའི་བགྲོ་གླེང་ཚོགས་འདུ་དང་འབྲེལ་འདྲིས་ཚོགས་འདུ་ཐེངས་ཤིག་ཡིན་པ་རེད།།

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག