མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་རྫོང་གི་ཆོས་ལུགས་ལས་རིགས་དང་སྲིད་གྲོས་ཨུ་ཡོན་ཁག་གིས་སྤྱི་ཚོགས་འཆམ་མཐུན་འཛུགས་སྐྲུན་ལ་བཞུགས་མོལ་བྱས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-10-24 10:07

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  སྤྱི་ཟླ10བའི་ཚེས17ཉིན།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བདེ་ཆེན་རྫོང་གི2013ལོའི་ཁུལ་དང་རྫོང་གི་ཆོས་ལུགས་ལས་རིགས་དང་སྲིད་གྲོས་ཨུ་ཡོན་ཁག་གི་བཞུགས་མོལ་ཚོགས་འདུ་ཡན་མིན་ཤང་དུ་བསྡུས་ཤིང་།  ཨུ་ཡོན་རྣམ་པས་སྤྱི་ཚོགས་འཆམ་མཐུན་འཛུགས་སྐྲུན་བྱེད་པར་གཞིར་བྱས་ཏེ་ཁ་བརྡ་གླེང་མོ་བྱས།

 ཨུ་ཡོན་རྣམ་པས་བདེ་ཆེན་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་མི་རིགས་ཆོས་ལུགས་ལེགས་པོ་སྒྲུབ་པར་རོགས་འདེགས་བྱས་ཏེ།  དུས་ལྟར་གྲངས་ཉུང་མི་རིགས་དང་དད་ལྡན་མང་ཚོགས་ཀྱི་བསམ་འཆར་དང་ལེན་བྱེད་པ་དང་།  ནུས་ཤུགས་ཡོད་དགུ་བཏོན་ནས་མི་རིགས་ཆོས་ལུགས་བྱ་བའི་ཁྲོད་ཀྱི་གནད་དོན་སྔོན་འགོག་དང་ཐག་གཅོད་བྱས་པ་བརྒྱུད།  ཆབ་སྲིད་དང་སྤྱི་ཚོགས་འཆམ་མཐུན་ལ་འགན་སྲུང་བྱེད་པར་ནུས་པ་འདོན་རྒྱུ་ཡིན་པར་བསྟན།

ཨུ་ཡོན་རྣམ་པས་བདེ་ཆེན་རྫོང་གི་མི་རིགས་ཆོས་ལུགས་བྱ་བར་ཚན་རིག་གི་འཕེལ་རྒྱས་ལྟ་བ་གཏིང་ཟབ་མོས་སློབ་སྦྱོང་བྱེད་དགོས་པ་དང་།  ཧུར་ཐག་སྒོས་མི་རིགས་ཆོས་ལུགས་བྱ་བའི་བགྲོད་ལམ་གསར་བ་དང་བྱེད་ཐབས་གསར་བ་འཚོལ་ཞིབ་བྱས་ཏེ།  དུས་ལྟར་མི་རིགས་བར་གྱི་འགལ་ཟླ་དང་ཆོས་ལུགས་ཕྱོགས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས་པའི་དུས་མཚུངས་སུ《ཏང་དང་རྒྱལ་ཁབ་ཀྱི་མི་རིགས་སྲིད་ཇུས་སློབ་གསོ་རྩ་གནད》དང《ཆོས་ལུགས་ལས་དོན་སྲོལ་ཡིག》གཉིས་སྔར་ལས་དྲིལ་བསྒྲགས་བྱས་པར་བསྟུན།  རྒྱལ་གཅེས་ཆོས་གཅེས་མི་སྣར་གསོ་སྦྱོང་བྱེད་པ་དང་གྲྭ་བཙུན་ས་ཆ་གཞན་དུ་སློབ་གཉེར་བྱེད་དུ་འགྲོ་བའི་འགྲོ་ལུགས་སྟབས་བདེ་བཟོ་བར་ནུས་ཤུགས་འདོན་པ་དང་།  གྲྭ་ཤག་འཛུགས་སྐྲུན་བྱེད་པའི་རྣམ་གྲངས་མགྱོགས་མྱུར་ངང་ལག་བསྟར་བྱེད་པ།  དེའི་ནང་གནམ་བདག་ཆོས་ཁང་སླར་གསོ་གོ་རིམ་ཁྲོད་སྔར་ཡོད་ཀྱི་ཁྱད་ཆོས་བརྟན་སྲུང་བྱེད་དགོས་པ་མ་ཟད།  གནས་སྐོར་རིག་གནས་འཛུགས་སྐྲུན་ཀྱི་སྤྱི་ཁོག་འཆར་འགོད་ནང་འགོད་པ་དང་།  ཚན་རིག་དང་མཐུན་པར་འོས་འཚམ་གྱིས་གསར་སྤེལ་བྱེད་དགོས་པ་སོགས་བསམ་འཆར་གང་ལེགས་བཏོན།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག