མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སེམས་ཀྱི་ཉི་ཟླ་རྫོང་སྤྱི་ཁྱབ་བཟོ་ཚོགས་ཀྱི་སྐབས་ལྔ་པའི་བུད་མེད་ལས་བཟོ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་འཚོགས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-10-24 10:06

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། 2013ལོར་སྤྱི་ཟླ10པའི་ཚེས16ཉིན་ལ། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་སྤྱི་ཁྱབ་བཟོ་ཚོགས་ཀྱི་སྐབས་ལྔ་པའི་བུད་མེད་ལས་བཟོ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་འཚོགས་པ་རེད།ཐེངས་འདིའི་གྲོས་ཚོགས་ཀྱི་ནང་དོན་གཙོ་བོ་ནི་སྔར་སོང་གི་ལས་ཀར་ཕྱོགས་བསྡོམས་བྱེད་པ་དང་།མ་འོང་པའི་ལོ་ལྔའི་ལས་ཀའི་དམིགས་ཡུལ་གཏན་འབེབ་བྱེད་པ་རེད།

ལོ་ལྔའི་རིང་ལ། རྫོང་ཡོངས་ཀྱི་རིམ་པ་སོ་སོའི་བཟོ་ཚོགས་ཀྱི་བུད་མེད་ལས་བཟོ་རྣམས་ཀྱིས་རང་ཉིད་ཀྱི་བསམ་བློའི་གོ་རྟོགས་ཇེ་མཐོར་བཏང་བ་དང་།རིག་རྩལ་གྱི་བྱ་འགུལ་མང་པོ་སྤེལ་ནས།བུད་མེད་ལས་བཟོ་རྣམས་ཀྱི་རྩ་འཛུགས་ནུས་ཤུགས་ཇེ་ཆེར་བཏང་བ་རེད།དེང་ཕྱིན་གྱི་ལོ་ལྔའི་རིང་ལ་བཟོ་ཚོགས་ཀྱི་བུད་མེད་ལས་བཟོ་རྣམས་ཀྱིས་ཁྲིམས་མཐུན་གྱི་དབང་ཆ་སྲུང་སྐྱོང་དེ་གཙོ་བོར་བཟུང་ནས། སེམས་ཀྱི་ཉི་ཟླའི་བཟོ་ཚོགས་ཀྱི་རྣམ་པ་གསར་སྐྲུན་བྱེད་པར་བརྩོན་ལེན་བྱེད་པ་རེད།

གྲོས་ཚོགས་ཐོག་རྫོང་ཡོངས་ཀྱི་རིམ་པ་སོ་སོའི་བུད་མེད་ལས་བཟོའི་རྩ་འཛུགས་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྤེལ་བྱེད་པའི་བརྗོད་བྱ་གཙོ་བོ་འདི་ལ་དམ་པོར་དམིགས་པ་དང་། རང་ཉིད་ཀྱི་ལས་ཀའི་གནས་ཚུལ་དངོས་དང་བསྟུན་ནས། བུད་མེད་ལས་བཟོ་ལ་མཐུན་སྒྲིལ་བྱས་ཏེ་ཧུར་ཐག་གིས་རྫོང་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཛུགས་སྤེལ་ལ་བྱས་རྗེས་འཇོག་དགོས་ཞེས་ནན་གྱིས་བསྟན་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག